ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་༢༠༡༩ ཞེས་པར་རྒྱབ་སྐྱོར་ཡོང་ཐབས་སུ་ཞུ་གཏུག་དགོས་རེད།

ཟླ་འདིའི་ཚེས་༢༥ ཉིན་གྱི་ཕྱི་དྲོ་དྷ་སའི་བཀའ་ཤག་གི་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་དང་། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་༢༠༡༩ ཞེས་པ་ཁྲིམས་སུ་གཏན་འབེབས་ཡོང་ཐབས་སུ་བོད་མིས་རྒྱབ་སྐྱོར་དགོས་སྐོར་གསུངས་སོང་།

དེ་ཡང་སྲིད་སྐྱོང་གིས་ཨ་རིར་རྟེན་གཞི་བྱས་པའི་བོད་མི་ཡོངས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་༢༠༡༩ ཁྲིམས་འཆར་དེ་གལ་ཆེ་དོན་ཆེར་བརྩིས་ནས་ཟླ་༩ ནས་༡༢ བར་ཨ་རིའི་དཔོན་རིགས་དང་གྲོས་ཚོགས་འཐུས་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ལ་བོད་དོན་ཞུ་གཏུག་གང་མང་གནང་དགོས་སྐོར་གསུངས་སོང་། 

ཁྲིམས་འཆར་གསར་པ་དེའི་ནང་དོན།  ཀ༽ ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ཨ་རིའི་གཞུང་གིས་སྲིད་བྱུས་ལངས་ཕྱོགས་གཏན་འབེབས་དགོས་པ། ཁ༽ བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་ངོས་འཛིན་ཞུ་དགོས། ག༽ བོད་མིའི་སྒྲིག་འཛུགས་དང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ངོས་ལེན་ཞུ་དགོས་པ། ང༽ བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ།  ཅ༽ གཞུང་འབྲེལ་འབྲེལ་ལམ་འཛུགས་ཐབས།། 

གསར་འགོད་པ་ཆོས་ཉིད་འོད་ཟེར།