ཨ་རིའི་ABCགསར་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བཅར་འདྲི་ཞུས་འདུག

ཕྱི་ཚེས་༢༤ཉིན་ཨ་རིའི་ABCགསར་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བཅར་འདྲི་ཞིག་ཞུས་འདུག

དེ་ཡང་འདི་ལོར་སྲིད་འཛིན་Bidenགྱིས་ཨ་རི་གཞུང་གི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ཞིག་ལ་མཚན་རྟགས་བསྐྱོན་ཡོད་པ་དང་། དེའི་རྗེས་སུ་རྒྱ་གཞུང་གིས་ཨ་རིས་གཞུང་ལ་གནད་དོན་དེ་ནི་རྒྱ་ནག་གི་ནང་སྲིད་ལས་དོན་ཡིན་པས་དེར་ཐེ་བྱུས་བྱས་པར་ངོ་རྒོལ་ཡོད་པར་བརྗོད་པས།  ཐེངས་འདིར་ཨ་རིའི་ཨེ་བྷི་སི་གསར་ཁང་ནས་སྲིད་སྐྱོང་ལ་དེ་དང་འབྲེལ་ནས་བཅར་འདྲི་ཞིག་ཞུས་འདུག། བཅར་འདྲིའི་ནང་དུ་ཉེ་ཆར་ཨ་རིའི་འགོ་ཁྲིད་ལྷན་དུ་capitalhillལ་ཚོགས་པའི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་བགྲོ་གླེང་དེ་བོད་མི་ཚོ་ལ་གལ་གནད་ཇི་ཙམ་ཡིན་མིན་སོགས་ཀྱི་སྐོར་འདྲི་སྐབས།  སྲིད་སྐྱོང་ནས་རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཞེས་རྗོད་ཀྱི་ཡོད་ཀྱང། བོད་དོན་བདེན་མཐའ་གསལ་ཆེད་ང་ཚོའི་གཞུང་འབྲེལ་གྱི་སྲིད་བྱུས་སམ་བོད་མིའི་ངོས་ནས་ཞི་བའི་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་དེ་ལག་བསྟར་བྱེད་བཞིན་ཡོད། ཉེ་ཆར་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཁྲིམས་འཆར་ཞིག་གཏན་འབེབས་གནང་ནས་ད་ལོའི་ཕྱི་ཟླ་༧ཚེས་༡༢ཉིན་སྲིད་འཛིན་BIDENགྱིས་མཚན་རྟགས་བཀོད་པ་རེད། ཁྲིམས་འཆར་དེའི་ནང་དུ་གཙོ་བོ་གནད་དོན་བཞིའི་ཐོག་གླེང་སློང་གནང་ཡོད། རྒྱ་ནག་གཞུང་གིས་བོད་ནང་དཀའ་ངལ་མེད་ཅེས་རྗོད་ཀྱི་ཡོད་ཀྱང་ཁྲིམས་འཆར་ནང་དུ་བོད་དོན་དཀའ་རྙོག་དེ་ནི་ད་དུང་གསལ་རྒྱུ་ཡིན་པ་དང་། དཀའ་རྙོག་དེ་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཐོག་ནས་གསལ་དགོས་པར་བཀོད་ཡོད། ཅེས་དང་། 

ཨ་རིའི་གསར་འགོད་པས། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཁྲིམས་འཆར་གཏན་འབེབས་བྱས་ཟིན་ཀྱང་རྒྱ་ནག་དང་གྲོས་མོལ་ད་དུང་གྲུབ་མེད་པར་ལུས་ཡོད་པས། དེར་ཁྱེད་ཀྱི་སྲིད་གཞུང་གི་ངོས་ནས་གྲུབ་འབྲས་ཐོན་ཐུབ་ཡོད་དམ་ཞེས་དྲིས་པར། སྲིད་སྐྱོང་ནས། ང་ཚོར་འབྲེལ་བ་འགའ་ཤས་ཡོད་པ་དེ་བདེན་པ་རེད། འོན་ཀྱང་དེས་གྲུབ་འབྲས་གང་ཡང་ཐོན་མེད་པའི་སྐོར་དང་། གཞན་ཡང་ད་ཆ་ང་ཚོས་ཨ་རིའི་འགོ་ཁྲིད་ཚོས་ང་ཚོས་སྔོན་མ་ནས་བྱེད་བཞིན་པའི་འགན་འཁུར་དེ་དག་མཉམ་རུབ་ཀྱིས་བྱེད་ཐུབ་མིན་དང་། གྲོས་ཚོགས་ཀྱིས་བཅའ་ཁྲིམས་འདི་གཏན་འབེབས་བྱས་པ་ལྟར་གནད་དོན་འདིིའི་ཐོག་འཛམ་གླིང་ཁྱོན་ཡོངས་ཀྱིས་ང་ཚོ་དང་བསམ་ཚུལ་མཐུན་པའི་རྒྱལ་ཁབ་ཁག་ནས་རྒྱབ་སྐྱོར་འཚོལ་ཐབས་བྱེད་ཀྱི་ཡོད་བཅས་ལན་འདེབས་གནང་འདུག། ཁོང་མོས་ད་དུང་བོད་ནང་དུ་ཡོད་པའི་ཕ་མ་སྤུན་མཆེད་དང་འབྲེལ་བ་བྱེད་ཆོག་མིན་དང་། བོད་ནང་དང་བོད་ཕྱི་ལ་ཡོད་པའི་བོད་མི་ཡོངས་ལ་བརྡ་ལན་ཅི་ཞིག་འབུལ་འདོོད་ཡོད་པ། དེ་བཞིན་༧གོང་ས་མཆོག་གི་ཡང་སྲིད་བཅས་ཀྱི་ཐད་ལའང་བཅར་འདྲི་གནང་འདུག་པ་དང་། དེའི་ནང་ནས་སྲིད་སྐྱོང་གིས་ཡང་སྲིད་ཐད་ཀྱི་དྲི་བའི་ལན་དུ། ནང་པ་ལ་མཚོན་ན་ཡང་སྲིད་ངོས་འཛིན་བྱ་རྒྱུ་ནི་དམིགས་བསལ་ཞིག་རེད་།ཡང་སྲིད་ངོས་འཛིན་བྱ་རྒྱུ་དེ་ནི་བླ་མ་རང་ཉིད་ཀྱི་སྐུ་གོང་མར་ཐུགས་བློ་མ་ཁེངས་པའི་དགོངས་གཞི་དེ་འགྲུབ་ཆེད་སྐྱེ་བ་སླར་ཡང་བཞེས་ཀྱི་ཡོད་པ་དང་།རྒྱ་ནག་གཞུང་གིས་ནི་ཆོས་ལ་ངོས་ལེན་མེད་པ་མ་ཟད། ད་དུང་༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཐད་ལ་འགན་འཁུར་གྱི་ཡིན་རྗོད་ཀྱི་ཡོད། ད་ལྟ་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་༡༤པ་སྐུ་འཚོ་བཞུགས་ལ་སེམས་ཁྲལ་མེད་བཞིན་དུ་ད་དུང་ཡང་སྲིད་ཐད་ཐེ་བྱུས་བྱེད་ཀྱི་ཡོད་རེད་བཅས་གསུངས་གནང་འདུག

གསར་འགོད་པ། བསྟན་འཛིན་ཆོས་དབྱངས།