ཨེ་ཤི་ཡའི་ཐུན་མོང་ཚོང་ལས་སྡིངས་ཆ་སྐྲུན་ཐབས་ཀྱི་བགྲོ་གླེང་།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་ལི་ཀྲའོ་ཞིན་གྱིས་༧གོང་ས་མཆོག་གིས་རྒྱ་ནག་མེས་རྒྱལ་ཁ་འཐོར་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་སྐྱོན་བརྗོད་བྱས་འདུག
དེ་ཡང་ཟླ་འདིའི་ཚེས་༡ ནས་༣ བར་རྒྱ་གར་རྒྱལ་ས་ལྡི་ལིར། རྒྱ་གར་ཕྱི་སྲིད་ལས་ཁུངས་དང་རྒྱ་གར་རྟོག་ཞིབ་ཉམས་ཞིབ་ཅེས་པའི་ཚོགས་པ་གཉིས་ཀྱི་མཉམ་འབྲེལ་འོག འཛམ་གླིང་རྒྱལ་ཁབ་༤༠ ནས་ཚོགས་མི་༤༥༠ ལྷག་མཉམ་ཞུགས་ཐོག རི་སི་ན་(Raisina) གྲོས་མོལ་ཐེངས་དང་པོ་གོ་སྒྲིག་བྱས་ཡོད་པ་རེད། ཉིན་གསུམ་གྱི་རིང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་མ་རྐང་ཚོང་ལས་སོགས་ཀྱི་སྐོར་དང། རྒྱལ་སྤྱིའི་ནང་ཨེ་ཤི་ཡའི་རྒྱལ་ཁབ་རྣམས་ལ་ཐུན་མོང་གི་ཚོང་ལས་ཀྱི་སྡིངས་ཆ་སྐྲུན་ཐབས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཡོད་པ་རེད་འདུག
རྒྱ་གར་བང་ཆེན་སྟེང་དུ་བཀོད་གསལ། བགྲོ་གླེང་གི་ཉིན་གཉིས་པར་ཚོགས་ཞུགས་པ་ཞིག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་ལི་ཀྲའོ་ཞིན་ལ། རྒྱ་ནག་གིས་ཏཱ་ལའི་བླ་མ་དང་གྲོས་མོལ་བྱས་ནས་བོད་ཀྱི་གནད་དོན་སེལ་ཐབས་མི་བྱེད་པའི་རྒྱུ་མཚན་གང་ཡིན་སྐོར་དྲིས་པས། ཁོང་གིས་“རང་གི་གྲོགས་པོ་ཏཱ་ལའི་བླ་མ་ནི་རྒྱལ་ཁབ་ཅིག་གི་མགོ་ཁྲིད་མ་རེད། ཁོང་ནི་དགེ་སློང་ཆབ་སྲིད་པ་ཞིག་གིས་རྒྱ་ནག་མེས་རྒྱལ་ཁ་བྲལ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད། བོད་ནི་དུས་རབས་མང་པོ་སྔོན་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་དང། རྒྱལ་ཁབ་ཅིག་ལ་མཚོན་ན་བདག་དབང་ནི་གལ་ཆེ་ཤོས་རེད།”ཅེས་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།