ཨོ་རྩལ་འགྲན་ཚོགས་ཐེངས་༣༡ པ་མཇུག་བསྒྲིལ་བ།

ལྷོ་ཨ་མི་རི་ཀའི་བྷེ་ར་ཛིལ་རྒྱལ་ཁབ་ཀྱི་རྒྱལ་ས་རེའུ་ལ་ཉིན་གྲངས་༡༦ རིང་འཚོགས་པའི་ཨོ་རྩལ་འགྲན་ཚོགས་དེ་ཟླ་འདིའི་ཚེས་༢༢ ཉིན་མཇུག་བསྡུས་ཡོད་པ་རེད།

14054666_1235842453106288_713218110_nམཇུག་བསྡུས་མཛད་སྒོའི་སྐབས་ཕྱི་ལོ་༢༠༢༠ ལོའི་ཨོ་རྩལ་འགྲན་ཚོགས་ཚོགས་ཡུལ་ཉི་ཧོང་ཡིན་པས། སྐབས་དེར་ཉི་ཧོང་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་པོ་དང་ཉི་ཧོང་གི་སྲིད་བློན་གཉིས་མཉམ་ཞུགས་བྱས་ནས། ཨོ་རྩལ་གྱི་དར་ཆ་ཉི་ཧོང་ལ་བརྒྱུད་སྤྲོད་བྱས་ཡོད་པ་རེད།

ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ལ་རྒྱལ་ཁབ་༢༠༦ དང་སྐྱབས་བཅོལ་བ་རུ་ཁག་གཅིག་བཅས་ནས་རྩེད་མོ་བ་༡༡,༣༠༣ མཉམ་ཞུགས་བྱས་ཡོད་པ་དང་། དེ་བཞིན་རྩེད་མོ་༢༧ གྱིས་འཛམ་གླིང་གི་ཟིན་ཐོ་གསར་པ་བཟོས་ཡོད་འདུག

14089612_1235842493106284_2106490206_nདེ་བཞིན་ཧྥི་ཇི་དང་ཇོར་ཊེན། ཀོ་སོ་ཝོ་རྒྱལ་ཁབ་བཅས་ཀྱིས་ཨོ་རྩལ་འགྲན་ཚོགས་ནང་གསེར་གྱི་རྟགས་མ་ཐེངས་དང་པོ་ལེན་ཐུབ་པ་བྱུང་འདུག རྩེད་མོ་བ་སྒེར་ལ་མཚོན་ན་ཨ་རིའི་རྐྱལ་རྩེད་པ་མེ་ཁེལ་ཧྥེལ་སེ་ཡིས་ཐེངས་འདིར་གསེར་གྱི་རྟགས་མ་༥ དང་དངུལ་གྱི་རྟགས་མ་༡ བླངས་ཏེ། ད་བར་ཁྱོན་བསྡོམས་ཨོ་རྩལ་འགྲན་ཚོགས་ནང་རྟགས་མ་༢༨ བླངས་ཡོད་པ་དང་། དེ་བཞིན་ཇེ་མེ་ཁའི་རྒྱུགས་འགྲན་པས་གསེར་གྱི་རྟགས་མ་༣ བླངས་ནས་ད་བར་གསེར་གྱི་རྟགས་མ་༩ ཐོབ། ལོ་ན་༡༩ ཡིན་པའི་ཨ་རིའི་བུད་མེད་རྐྱལ་རྩེད་བ་ཀེ་ཊིའི་ལེ་ཌེ་ཀི་ཡིས་གསེར་གྱི་རྟགས་མ་༤ དང་དངུལ་གྱི་རྟགས་མ་༡ བླངས་ཡོད་འདུག རྒྱལ་ཁབ་གཞིར་བཟུང་བྱས་ན་ཨ་རི་ལ་ཁྱོན་བསྡོམས་རྟགས་མ་༡༢༡ དང་དབྱིན་ཡུལ་ལ་༦༧། རྒྱ་ནག་ལ་༧༠ བཅས་ཐོབ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།