ཁོར་ཡུག་ལས་འགུལ་བ་ཞིག་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཟླ་བ་འདིའི་ཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨོ་སི་ཁྲུ་ལི་ཡའི་སི་ཊི་ནི་གྲོང་ཁྱེར་གྱི་ཟམ་པ་ཧར་བྷོའོ་ཡི་གྲུ་ལམ་གཅིག་ཁོར་ཡུག་ལས་འགུལ་བ་ཁོ་ཁོ་ཟེར་བའི་བུད་མེད་ཞིག་གིས། སྐར་མ་༢༨ རིང་བཀག་པའི་རྒྱུ་རྐྱེན་ལ་བརྟེེན་ནས་། ཨོ་སི་ཁྲུ་ལི་ཡའི་ཁྲིམས་དཔོན་གྱིས་ཁོ་མོས་ཉེན་རྟོག་པའི་བཀའ་ལ་བརྩི་སྲུང་མི་བྱས་པར། འགྲིམ་འགྲུལ་གྱི་ཁྲིམས་ལས་འགལ་བའི་ཉེས་བ་བསགས་པར། ཁོ་མོ་ཁྲིམས་གཞིར་བཟུང་ཟླ་བ་༡༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

ཁོ་ཁོ་རང་ཉིད་ཀྱི་དྲྭ་ཐོག་ལ་སྤེལ་བའི་བརྙན་ཐུང་ཞིག་ནང་བཤད་གསལ་ངས་ཀྱང་དེ་ལྟ་བུའི་ངོ་རྒོལ་བྱེད་འདོད་མེད་རུང་གནམ་གཤིས་ཛ་དྲག་གི་གནས་སྟངས་ལ། དེ་ལྟར་ངེས་པར་དུ་བྱེད་དགོས་ཀྱི་འདུག ངས་ཀྱང་གསལ་པོ་ཤེས་ཀྱི་ཡོད། དེ་ནི་སྐྱིིད་པོ་ཞིག་དང་བསྟན་བཤིག་སློང་བ་ཞིག་གཏན་ནས་མ་རེད། དེ་ལས་ལྡོག་སྟེ་ངས་ཤེས་གསལ་ལ། དེ་ལྟ་བུའི་ངོ་རྒོལ་ནི་མེད་དུ་མེད་རུང་བ་ཞིག་རེད་འདུག གང་ཡིན་ཟེར་ན་མིའི་མི་ཚེའི་ཆགས་འཇིག་གི་ཉེན་ཁ་ལ་སླེབས་འདུག་ཅེས་བརྗོད་འདུག

གཞན་ཡང་<Ms McNeil>ཟེར་མཁན་བུད་མེད་ཞིག་གིས་ཁྲིམས་ནི་ཆབ་སྲིད་ཀྱི་ཀུན་ནས་སློང་བ་ཞིག་ཡིན་ཞིང་། དེ་ནི་གཙོ་བོ་ཁོར་ཡུག་ལས་འགུལ་བ་ལ་དག་ལ་ཞེད་སྣང་སྐུལ་བྱེད་ཙམ་རེད་ཅེས་དང་། ཆང་རག་སོགས་འཐུང་ནས་མོ་ཊ་གཏོང་མཁན་དག་དང་བཙན་གཡེམ་བྱེད་པ། དེ་བཞིན་བཟི་སྨན་རིགས་ཁྲིམས་འགལ་བྱེད་མཁན་དག་ལ་འཛིན་བཟུང་གི་ཁྲིམས་ཐག་རིགས་མི་གཅོད་པར་ཆད་པ་བཅད་པའམ་ཁྲིམས་ཐག་ནར་འགྱངས་གཏོང་བ་སོགས་བྱེད་ཀྱི་ཡོད། འོན་ཀྱང་ཞི་བའི་ཁོར་ཡུག་ལས་འགུལ་བ་ཁོ་ཁོ་ལྟ་བུ་ལ་ཟླ་བ་༡༥ ཀྱི་ཁྲིམས་ཐག་བཅད་འདུག་ཅེས་བརྗོད་འདུག

དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་པས་བརྗོད་དོན་ལ། ཞི་བའི་ཐོག་ནས་ངོ་རྒོལ་བྱེད་མཁན་རྣམས་ལ་ཉེས་ཆད་བཅད་པའམ་བཙོན་འཇུག་བྱས་པ་སོགས་རྩ་བ་ནས་བྱེད་མི་ཉན་ཞེས་བརྗོད་འདུག །

གསར་འགོད་པ་བདེ་སྒྲོན། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||