བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་དང་། སྤྱོད་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ།

རྗེ་བཙུན་རིན་པོ་ཆེ་སློབ་དཔོན་བསོད་ནམས་རྩེས་མོས་མཛད་པའི་<<བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་>>དེ་བོད་མི་མང་སྤྱི་འཐུས་མཁན་པ་ཀཿ བྲག་དངོས་གྲུབ་བསོད་ནམས་ཀྱིས་པར་སྐྲུན་བྱས་ཡོད་པ་དང་། ཁོང་གིས་ “སྔོན་དུས་བོད་ཀྱི་གྲུབ་མཐའ་ཁག་ལས་བྱོན་པའི་མཁས་གྲུབ་དེ་དག་ལས་དཔལ་ལྡན་ས་སྐྱ་པ་ནི་སྤྱིར་བཏང་ཆ་ནས་ས་སྐྱའི་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི <<བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་བ>> འདི་ནི་སྤྱོད་འཇུག་གི་འགྲེལ་པ་རྩོམ་མཁན་ཆེས་སྔ་ཤོས་གྲས་ཡིན་ཞིང་། དེ་ནས་ཕྱིས་སུ་བོད་མཁས་དག་གིས་སྤྱོད་འཇུག་གི་འགྲེལ་བ་འདི་ཉིད་རྨང་གཞི་ལ་བརྟེན་ནས་འགྲེལ་བ་མང་བོ་བྱུང་བ་གོར་མ་ཆག དེའི་ཕྱིར་གངས་རིའི་ཁྲོད་དང་ཁྱད་པར་དུ་ས་སྐྱ་བའི་ཁྲོད་ནས་སྤྱོད་འཇུག་གི་འཆད་ཉན་གྱི་གཞི་འཛིན་སའི་བསྟན་བཅོས་གཙོ་བོར་ཡིན་པ་མ་ཟད། རྒྱ་འགྲེལ་ལ་ཁུངས་བསྐྱལ་ནས་ལུང་འདྲེན་གནང་བའི་གཞུང་བཟང་འདི་ཧ་ཅང་རྩ་ཆེན་དང་དགོས་དབང་གི་ཕྱིར། ད་ལན་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་མཛད་པའི་སྤྱོད་འཇུག་གི་འགྲེལ་བ་འདི་ཉིད་པར་དུ་སྐྲུན་”ཞེས་པར་སྐྲུན་གསལ་བཤད་ནང་འཁོད་འདུག 

རྒྱལ་སྲས་ཞི་བ་ལྷས་མཛད་པའི་རྩ་བར་བར་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་འགྲེལ་བ་མཛད་པ་<<སྤྱོད་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ་>>ཞེས་པ་པར་སྐྲུན་བྱས་ཡོད་པ་དང་། འགྲེལ་བ་དེ་ནི་ས་བཅད་དང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེ་བར་བྱེད་པ་དང་། ས་བཅད་གཉིས་པ་བྱང་ཆུབ་སེམས་རིན་པོ་ཆེ་སྐྱེས་པ་མི་ཉམས་པར་བྱེད་པ། ས་བཅད་གསུམ་པ་བྱང་ཆུབ་སེམས་རིན་པོ་ཆེ་མི་ཉམས་པ་གོང་ནས་གོང་དུ་འཕེལ་བར་བྱེད་པ། ས་བཅད་བཞི་པ་འབྲས་བུ་གཞན་དོན་བཤད་པ་བཅས་སུ་དབྱེ་འདུག “འདི་ལྟ་བུའི་གདམས་པ་རྩ་ཆེན་པོ་འདིར་ད་ལམ་མཁན་པོ་ཀཿབྲག་ དངོས་གྲུབ་བསོད་ནམས་ནས་རྣམ་བཤད་གོ་བདེར་བཀྲལ་བ་སྤྱོད་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ་>>ཞེས་བྱ་བ་འདི་ཉིད་དོན་གཉེར་ཅན་གསར་བུ་རྣམས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་ཚུལ་ངོ་མཚར་བའི་ལྟད་མོ་གསལ་པོར་བལྟ་བའི་མེ་ལོང་ཞིག་ཏུ་འགྱུར་བའི་སྨོན་འདུན་དང༌། འདི་ལས་བྱུང་བའི་དགེ་བའི་རྩ་བས་མ་གྱུར་སེམས་ཅན་ཐམས་ཅད་དལ་རྟེན་རིམ་བརྒྱུད་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་རེག་པའི་སྨོན་ལམ་བཅས་”ཞེས་ས་སྐྱ་ཁྲི་འཛིན་ཞེ་གཉིས་པས་ཆེ་བརྗོད་གནང་འདུག །

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||