རྒྱ་ནག་གིས་བོད་ཀྱི་དོམ་ཁྲ་བེད་སྤྱད་ནས་བོད་དོན་ལ་འགོག་རྐྱེན་བྱེད་པ།

ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེ་རཱག་དུ་རྒྱ་གཞུང་དང་གྲོས་མཐུན་བཞག་ནས། ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་དང་བོད་རང་བཙན་གཙང་མའི་འཐབ་རྩོད་ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་དམ་བཅའ་འཇོག་རྒྱུ་དང་། རྒྱ་ནག་གིས་པེ་རཱག་གྲོང་ཁྱེར་གྱི་གཅན་གཟན་ཁང་ལ་དོམ་ཁྲ་གཡར་རྒྱུ་ཁས་ལེན་བྱས་ཡོད་འདུག

12431_nདེ་ཡང་ཟླ་༣ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་པེ་རཱག་གྲོང་ཁྱེར་ནང་ལྟ་སྐོར་དུ་འབྱོར་ལ་ཉེ་བས། སྐབས་དེར་པེ་རཱག་དང་རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་པོ་གཉིས་ཀྱིས་གྲོས་མཐུན་དེར་མིང་རྟགས་བཀོད་འཆར་ཡོད་འདུག གྲོས་མཐུན་དེའི་ནང་ཕྱོགས་གཉིས་དབར་ཡུལ་སྐོར་སྤྲོ་འཆམ་དང་ཤེས་ཡོན། སྨན་བཅོས་ལྟ་སྐྱོང་སོགས་ཀྱི་ཐོག་ལ་མཉམ་ལས་བྱེད་རྒྱུའི་གྲོས་གཞི་ཡང་ཡོད་འདུག

ཟླ་འདིའི་ཚེས་༢ ཉིན་གྱི་པེ་རཱག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། པེ་རཱག་གི་སྤྱི་ཁྱབ་དཔོན་པོས་“ང་ཚོའི་པེ་རཱག་ལ་དོམ་ཁྲ་ཞིག་ཐོབ་ཆེད་དུ་གོམ་པ་མདུན་སྤོས་བྱས་པ་ཡིན་”ཞེས་བརྗོད་ཡོད་འདུག

རྒྱ་ནག་གི་དོམ་ཁྲའི་ཐབས་བྱུས་ཀྱི་གྲོས་མཐུན་དེས་པེ་རཱག་གྲོང་ཁྱེར་ལ་ཁེ་བཟང་ཡོད་ཀྱང། ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་གྱི་གནད་དོན་བཏོན་པ་ནི་ངོ་ཚ་དགོས་པ་ཞིག་ཡིན་སྐོར་རྒྱ་ནག་རིག་པའི་མཁས་པ་ཞིག་གིས་འགྲེལ་བརྗོད་བྱས་འདུག

དེ་སྔོན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོར་༧གོང་ས་མཆོག་དང་མཇལ་འཕྲད་གནང་བས། རྒྱ་ནག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་གཅན་གཟན་ཁང་ནས། དོམ་ཕྲ་ཆུང་ཆུང་གཉིས་ཚུར་བླངས་ཡོད་འདུག
དོམ་ཁྲ་ནི་བོད་ནང་དུ་ལས་འཛམ་གླིང་ས་ཕྱོགས་གང་ལ་ཡང་མེད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||