རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ཚོགས་མི་རྣམ་པས་རྒྱ་ནག་གཞུང་གིས་བོད་མི་ཚོའི་རིགས་རྫས་བསྡུ་རུབ་བྱས་ཡོད་པའི་སྐོར་ཞིབ་འཇུག་གནང་དགོས་པའི་མཚན་འཁོད་ཡི་གེ་ཕུལ་བ།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ (Inter-Parliamentary Alliance on China) ཞེས་པའི་ཚོགས་མི་རྣམ་པས་ཨོསྟྲེ་ལི་ཡཱ་དང་། སྦེལ་ཇམ། ཁེ་ན་ཌ། ཡུ་རོབ་སྤྱི་མཐུན་ཚོགས་པ། ཅེག་སྤྱི་མཐུན་རྒྱལ་ཁབ། ཕ་རཱན་སི། ཨཱ་ཡར་ལེནྜ། ལི་ཐུ་ནི་ཡཱ། ནིའུ་ཛི་ལེནྜ། བྱང་མེ་སེ་ཌོ་ནི་ཡ་སྤྱི་མཐུན་རྒྱལ་ཁབ། རོ་མཱ་ནི་ཡཱ། སྭི་ཌན། སུད་སི། ཡུ་ཀེ་རེན། ཨིན་ཡུལ་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ལ་མཚན་འཁོད་ཡི་གེ་ཞིག་ཕུལ་ཏེ་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་སྒོ་ནས་བོད་དང་ཤར་ཏུར་ཀི་སི་ཐན་གྱི་མི་རིགས་ཚོའི་རིགས་རྫས་ (DNA) བསྡུ་རུབ་བྱས་ཡོད་པའི་སྐོར་ཧ་ཅང་ཐུགས་འཚབ་དང་སྦྲགས། ཨ་རིའི་ཐར་མོ་ཧྥེ་ཤར་བཟོ་ལས་ཁང་(ThermoFisher Scientific) དང་རྒྱ་ནག་གི་རིགས་རྫས་བརྟག་དཔྱད་ཁང་ (BGI Group) གིས་རྒྱ་ནག་གཞུང་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་ཚོང་སྒྱུར་བྱས་ཡོད་པའི་སྐོར་ཞིབ་འཇུག་ནན་ཏན་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། ཨ་རིའི་ཐར་མོ་ཧྥེ་ཤར་བཟོ་ལས་ཁང་(ThermoFisher Scientific) དང་རྒྱ་ནག་གི་རིགས་རྫས་བརྟག་དཔྱད་ཁང་ (BGI Group) གིས་རྒྱ་ནག་གཞུང་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་ཚོང་སྒྱུར་བྱས་ཡོད་ཚེ་ཚོང་སྒྱུར་མཚམས་འཇོག་དང་བཀའ་ཆད་གཅོད་དགོས་པའི་འབོད་སྐུལ་གནང་ཡོད་འདུག

འབོད་སྐུལ་གྱི་ཡི་གེའི་ནང་དུ་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་གྱི་ས་ཁུལ་གཙོས་པའི་གྲངས་ཉུང་མིི་རིགས་ཁག་ཅིག་གི་ས་ཁུལ་དུ་མི་རྣམས་ཀྱི་རིགས་རྫས་བསྡུ་རུབ་ཀྱིས་གསང་མྱུལ་བྱེད་ཕྱོགས་ཆེ་རུ་གཏོང་བཞིན་ཡོད་པར་སེམས་འཚབ་ཡོད་པའི་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་(Human Rights Watch)་ཚོགས་པ་གཞན་ཁག་གིས་ཕྱི་ལོ་༢༠༡༦ ལོར་ནས་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ་བོད་ཕྲུག་གཙོས་པའི་བོད་མི་ཁྱོན་བསྡོམས་གསུམ་ཆ་གཅིག་ལྷག་གི་མོས་མཐུན་ཡོད་མེད་དང་བོད་མི་དེ་དག་ཉེན་དོན་ཞིབ་དཔྱོད་དང་འབྲེལ་བ་ཡོད་མེད་ལ་མ་བལྟས་པར་རིགས་རྫས་བསྡུ་རུབ་བྱས་ཡོད་པའི་སྙན་ཐོག་བཏོན་ཡོད་རབས་སོགས་ཀྱི་གནས་ཚུལ་འཁོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply