སློབ་ཡོན་གསལ་བརྡ།

 ཨོ་སི་ཊྲོ་ལི་ཡར་གནས་སྡོད་སེར་བྱེས་ཏྲེ་ཧོར་དགེ་བཤེས་བསོད་ནམས་དར་རྒྱས་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་བཞིན་གཞོན་སྐྱེས་ཚོར་ཤེས་ཡོན་ལ་སྐུལ་ལྕག་དང་རྒྱབ་སྐྱོར་མཚོན་དོད་དུ་མཐོ་སློབ་ཀྱི་སློབ་ཡོན་ལ་དཀའ་ངལ་ཡོད་པའི་སློབ་ཕྲུག་གྲངས་ལྔ་ལ་༢༠༢༢ ནས་བཟུང་ལོ་གསུམ་རིང་སློབ་ཕྲུག་རེར་ཨོ་སི་ཊྲོ་ལ་ཡའི་སྒོར་ ༡༥༠༠ རེ་སློབ་ཡོན་འབུལ་གཏན་ཁེལ་ཡོད་པས་གཤམ་གསལ་ཆ་རྐྱེན་ཚང་རིགས་རྣམ་པས་ཁ་པར་ཐོག་འབྲེལ་བ་གནང་རོགས།
ཁ་པར་ཨང་།
 9916787782
9902355817
    ཆ་རྐྱེན།
༡༽ མཐོ་སློབ་གང་དུ་ཚུད་པའི་ངོས་སྦྱོར་ཡིག་ཆ་དངོས།
༢༽ འཛིན་རིམ་ ༡༢ ཐོན་པའི་རྒྱུགས་འབྲས་ཨང་ཐོབ་ངོ་བཤུས།
༣༽ དེ་ཡང་འཛིན་རིམ་༡༢ པའི་རྒྱུགས་སྤྲོད་ཀྱི་བརྒྱ་ཆ་༨༠ ནས་༩༠ མན་ཆད་ལེན་པ་ཞིག་དགོས།
༤༽ མཐོ་སློབ་ཏུ་ཚུད་ནས་སློབ་ཡོན་ཕུལ་ཟིན་པའི་འབྱོར་འཛིན་ངོ་བཤུས།
༥༽ གལ་ཏེ་སློབ་ཕྲུག་ལྔ་ལས་མང་བ་སླེབས་སོང་ན་རྒྱུགས་སྤྲོད་ཀྱི་བརྒྱ་ཆ་མཐོ་རིམ་ནས་ལེན་རྒྱུ་དང་བརྒྱ་ཆ་ཆ་མཉམ་བྱུང་ན་རྒྱན་དཀྲུག་གི་ལམ་ནས་ལེན་རྒྱུ་ཡིན།
༦༽བོད་མི་ཞིག་ཡིན་དགོས་ཀྱང་ཆོལ་ཁ་དང་ཕོ་མོ་ལ་དབྱེ་བ་མེད།
༧༽ འཚང་སྙན་འབུལ་མཁན་ལ་ཚོགས་པ་སྐྱིད་སྡུག་སོགས་གཞན་ནས་སློབ་ཡོན་ཐོབ་པའི་གྲས་མིན་པ་ཞིག་དགོས།།
Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||