ཧུན་སུར་རབ་རྒྱས་གླིང་གི་ས་གནས་འགོ་འཛིན་བརྗེ་སྤོར།
ཟླ་འདིའི་ཚེས་༡༠ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གི་ས་གནས་འགོ་འཛིན་གསར་རྙིང་བར་གྱི་རྩིས་ལེན་རྩིས་སྤྲོད་བྱས་པ་དང་། ཧུན་སུར་ས་གནས་འགོ་འཛིན་གསར་རྙིང་རྗེ་ལེན་གྱི་མཛད་སྒོའི་ཐོག་སྦེལ་ཀོབ་ས་གནས་འགོ་འཛིན་ལས་ཁང་གི་ཁྱབ་ཁོངས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་བ་བ་ཡོངས་དང་ལྷག་པར་དུ་སེ་ར་དང་རྣམ་གྲོལ་གླིང་དགོན་པ་གཉིས་ཀྱི་གཙོས་གདན་ས་གྲྭ་ཚང་ཁག་གི་ཕྱག་མཛོད་རྣམས་པ་བཅས་ཕེབས་ཡོད་པ་རེད།
དེ་ཡང་ཉིན་དེའི་སྔ་དྲོ་ས་གནས་འགོ་འཛིན་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་བཅར་མཁན་ཚོའི་མཇལ་དར་སྒྲོན་འབུལ་དང་། ཉིན་རྒྱབ་མི་མང་ལ་ཚོགས་འདུ་བསྐོང་ནས་ས་གནས་འགོ་འཛིན་གསར་རྙིང་གི་ངོ་སྤྲོད་གཏམ་བཤད་དང་རྩི་ཁྲ་སྒྲོགས་སྦྱང་སོགས་བྱས་ཡོད་པ་རེད།
ཧུན་སུར་ས་གནས་འགོ་འཛིན་གསར་པ་དགེ་ལེགས་འབྱུང་གནས་ནི་དེ་སྔོན་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ལས་ཁང་གི་ལས་བྱེད་ཡིན་པ་དང་། སྦེལ་ཀོབ་ས་གནས་གཞིས་ཆགས་ལས་ཁང་གི་གཞུང་ཞབས་ལས་ཁུར་ཞུས་ནས་ལོ་ངོ་༢༤ཙམ་འགྲོ་ཡི་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པས།
