ཤིན་ཅང་དུ་ཡུ་གུར་བ་༡༣ དམར་གསོད།

ཤིན་ཅང་ཡུ་གུར་མི་རིགས་སྐྱོང་ཁུལ་ཡེ་ཁྲིན་རྫོང་གི་ཉེན་རྟོག་པའི་ལས་ཁུངས་མདུན་ཡུ་གུར་བ་༡༣ ལ་མེ་མདའ་བརྒྱབ་སྟེ་བསད་འདུག

དེའང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༡ ཉིན་གྱི་སྔ་དྲོར་ཤིན་ཅང་ཡུ་གུར་མི་རིགས་སྐྱོང་ཁུལ་ཡེ་ཁྲིན་རྫོང་གི་ཉེན་རྟོག་པའི་ལས་ཁུངས་མདུན། ཡུ་གུར་བ་མི་༡༣ གྱིས་རླངས་འཁོར་བསྐོར་ཏེ་ཉེན་རྟོག་ལས་ཁུངས་ཀྱི་ཁང་པར་རྡུང་པའི་རྐྱེན་གྱིས། ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་ཡུ་གུར་བ་༡༣ དེ་མ་ཐག་དམར་གསོད་བཏང་ཡོད་འདུག་པ་དང་། རླངས་འཁོར་དེའི་ནང་འབར་རྫས་རིགས་བཞག་ཏེ་གཏོར་རྒོལ་བྱ་འཆར་ཡོད་སྐོར་བརྗོད་འདུག

_75708507_80684136-9f3a-45bc-a0ff-9f7b116b9bc3དོན་རྐྱེན་དེའི་ཁྲོད་ཉེན་རྟོག་པ་༣ ལ་རྨས་སྐྱོན་བཟོས་ཡོད་འདུག་ཀྱང་། ས་གནས་ཀྱི་མི་མང་ཤི་རྨས་ཀྱི་གནོད་སྐྱོན་རིགས་གང་ཡང་བྱུང་མ་མེད་པ་རེད། ད་ལྟའི་ཆར་གཞུང་གིས་ས་གནས་དེར་དམ་དྲག་དང་སྟངས་འཛིན་ནན་མོ་བྱེད་བཞིན་ཡོད་འདུག

ཉེ་བའི་ཟླ་ཤས་རིང་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ས་ཁུལ་དུ་དྲག་པོའི་ཟིང་འཁྲིག་གི་དོན་རྐྱེན་རྒྱུན་ཆད་མེད་པར་བྱུང་བཞིན་པ་དང་། རེས་གཟའ་ཟླ་བའི་ཉིན་རྒྱ་གཞུང་གིས་ཡུ་གུར་བ་མི་༡༣ ལ་འཇིགས་སྐུལ་རིང་ལུགས་པའི་ཉེས་འཛུགས་བྱས་ཏེ་སྲོག་ཁྲིམས་བཅད་འདུག་ལ། ཡུ་གུར་བ་མི་༣ ལ་ལོ་སྔོན་མའི་ཕྱི་ཟླ་༡༠ པའི་ནང་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རླངས་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་སྤེལ་མཁན་ཡིན་པའི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་ཡོད་པ་རེད།།

Share this:

Leave a Reply