དཀར་མཛེས་སུ་སློབ་གྲྭ་དང་སྨན་ཁང་ཁག་ཅིག་སྒོ་རྒྱག་འཆར།

གོང་གསལ་ཁྱབ་བསྒྲགས་དེ་དང་ཆབས་གཅིག་ཏུ་ས་གནས་རྫོང་སྲིད་གཞུང་གི་དུས་ཚོད་ངེས་མེད་ཀྱི་དྲག་ཆས་དམག་མི་མང་མང་པོ་སྐོར་བསྐྱོད་ཡང་ཡང་བྱེད་བཞིན་ཡོད་འདུག ད་དུང་ཉེ་སྔོན་ནས་དཀར་མཛེས་དགོན་སོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་ཕལ་མོ་ཆེར་ཚོགས་འདུ་བསྐོང་སྟེ་ཞི་རྒོལ་འོས་ལངས་མུ་མཐུད་འགོག་ཐབས་ཀྱིས་གཏམ་བཤད་འདྲ་མིན་སྤེལ་བ་དཔེར་ན་དགོན་པ་ལ་དགོས་པའི་འདུ་ཁང་ཉམས་གསོ་དང༌། མཆོད་རྟེན་གསར་རྒྱག་ལྟ་བུ་ག་རེ་དགོས་ནའང་རྒྱལ་ཁབ་གཞུང་གིས་ལྟ་རྟོག་བྱེད་ཚུལ་དང༌། གྲྭ་བཙུན་ཚོས་ཟིང་ཆ་སློང་མི་ཆོག་པ། གྲྭ་བཙུན་ཚོར་ལག་དེབ་གསར་པ་རེ་བཟོ་དགོས་པ་སོགས་ཀྱི་བཀོད་ཁྱབ་བཏང་འདུག

གོང་དུ་གསལ་བ་བཞིན་དཀར་མཛེས་ཁང་སར་སྐྱབས་མགོན་རིན་པོ་ཆེ་དང༌། ལམ་བྲག་སྤུལ་སྐུའི་སྨན་ཁང་དང་སློབ་གྲྭ། དེ་བཞིན་བོད་ཀྱི་འབྲིང་རིམ་སློབ་གྲྭ་བཅས་ནི་དཀར་མཛེས་ཁུལ་གྱི་མི་མང་ཡོངས་རྫོགས་ཀྱིས་དགའ་མོས་བྱེད་ས་ཆེ་ཤོས་ཤིག་ཆགས་ཡོད་པ་རེད།