དཔལ་ས་སྐྱའི་སྨོན་ལམ་ཆེན་མོ།

ས་སྐྱ་སྨོན་ལམ་ཆེན་མོའི་སྦྱིན་བདག་སྡེ་གཞུང་སྤྲུལ་སྐུའི་ཡབ་ཚང་ནས་ལོ་ངོ་བཞིའི་རིང་འགྲོ་གྲོན་ཆ་ཚང་བཏང་གནང་མཛད་དེ། ད་རེས་ཀྱི་སྨོན་ལམ་འདི་བཞིན་སྦྱིན་བདག་ཞུས་པའི་ལོ་ཐ་མ་དེ་ཡིན་ཕྱིར་བླ་མ་སྐུ་བགྲེས་པ་རྣམས་ཆེད་དུ་གདན་ཞུ་མཛད་ཡོད་པ་རེད། སྨོན་ལམ་འདི་བཞིན་ལོ་ལྟར་ལུམྦིནིར་ཚོགས་དགོས་དོན་ནི་སྐྱབས་རྗེ་དམ་པ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེའི་ཐུགས་བཞེད་ལྟར་ཡིན་པ་དང༌། ཚེས་༦ ཉིན་སྐྱབས་མགོན་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མི་མང་ལ་ཚེ་དབང་དང་བླང་དོར་བཀའ་སློབ་ཞིག་བསྩལ་གནང་མཛད་རྒྱུ་ཡིན་པ་རེད།།

བལ་ཡུལ་གསར་འགོད་པས།