བོད་མི་ཞིག་བརླགས་པ་རེད་ཟེར།
ཁོང་གཉིས་པོ་ལོ་དྲུག་ཙམ་གྱི་གོང་དུ་རྒྱ་གར་ལ་ཐེངས་གཅིག་སླེབས་མྱོང་ཡོད་པ་མ་ཟད། གསོག་སྒར་སློབ་གྲྭའི་ནང་ལོ་གཅིག་ལྷག་རིང་སློབ་སྦྱོང་ཡང་བྱས་ཡོད་པ་རེད་ཟེར། ད་ལོའི་བོད་དུ་ཞི་རྒོལ་དོན་རྐྱེན་སྐབས་ཁོང་གཉིས་དོགས་ཟོན་འོག་འཛིན་བཟུང་བྱས་ཡོད་པ་དང༌། ཚེ་རིང་མགོན་པོ་ལ་གསོག་སྒར་སློབ་གྲྭའི་སྐོར་དང་བཙན་བྱོལ་བོད་གཞུང་ལ་མཁས་དབང་སུ་དང་སུ་ཡོད་སྐོར་མང་པོ་ཞིག་འདྲི་གཅོད་བྱས་ཡོད་པ་རེད། ཚེ་རིང་མགོན་པོ་གློད་བཀྲོལ་བྱུང་རྗེས་རྒྱ་ནག་གཞུང་གིས་འབུམ་ཐར་ཉིན་བཅོ་ལྔའི་རྗེས་སུ་གློད་རྒྱུ་ཡིན་ཚུལ་བརྗོད་འདུག ཉིན་བཅོ་ལྔའི་རྗེས་སུ་ཉེན་རྟོག་ཁང་དུ་འདྲི་རྩད་བྱེད་དུ་འགྲོ་སྐབས་ཉལ་ཆས་སོགས་ཅ་ལག་ཚུར་སྤྲད་ནས་ཉེན་རྟོག་པས་འབུམ་ཐར་ཡོད་པ་མ་རེད། ཁོ་ཤི་ཚར་བ་རེད་ཅེས་བརྗོད་འདུག འབུམ་ཐར་ནི་རྒྱུན་དུ་མི་རིགས་ཀྱི་ལ་རྒྱ་ཅན་དང༌། མང་ཚོགས་ཀྱི་ཆ་འཇོག་བྱེད་ས་ཞིག་ཡིན་པ་དང༌། མི་མང་གིས་འབུམ་ཐར་ཉེན་རྟོག་པས་བརྡུངས་ནས་བསད་ཚར་བར་ངོས་འཛིན་བྱེད་ཀྱི་འདུག་ཟེར།།
བལ་ཡུལ་གསར་འགོད་པས། བོད་མི་ཞིག་བརླགས་པ་རེད་ཟེར།