དགུང་ལོ་༨༡ ཅན་ཞིག་ལ་ཁྲིམས་ཆད།

འཛིན་བཟུང་བྱས་རྗེས་ཉེ་འབྲེལ་རྣམས་ལ་ཁོང་འཛིན་བཟུང་བྱས་པ་དང་བཀག་ཉར་བྱས་པ་གང་ཡང་ངོས་ལེན་དང་འབྲེལ་བ་བྱས་མེད་པ་དང༌། ཕྱི་ཟླ་༡༡ པའི་ནང་དུ་ཁོང་ལ་ལོ་༧ གྱི་ཁྲིམས་ཐག་བཅད་ནས་དེའི་སྐོར་གྱི་ཡི་གེ་ཞིག་ནང་མི་ལ་སྤྲད་ཡོད་འདུག་ཀྱང༌། ད་སྐབས་གང་དུ་བཙོན་འཇུག་བྱས་ཡོད་མེད་གསལ་པོ་མེད་པ་རེད།།