ཧིན་བོད་མཁས་པའི་བགྲོ་གླེང༌།

ལྡི་ལི་བོད་ཁང་གི་འགན་འཛིན་རྡོ་འབུམ་སྤྲུལ་སྐུ་མཆོག་གིས་བགྲོ་གླེང་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་སྐབས། བགྲོ་གླེང་གི་དམིགས་ཡུལ་གཙོ་བོ་འཛམ་གླིང་གི་ཆོས་ལུགས་ཁག་དང༌། དེ་བཞིན་ནང་པ་ལ་ཆ་བཞག་ན་ཡང་ཆོས་བརྒྱུད་ཁག་གི་བར་མཐུན་འབྲེལ་གོང་མཐོར་གཏོང་བ་སོགས་ཀྱི་ཆེད་དུ་ཡིན་སྐོར་གསུངས་སོང༌། བྱང་རྩེ་ཆོས་རྗེ་རི་རྫོང་སྲས་རིན་པོ་ཆེ་མཆོག་གིས་བགྲོ་གླེང་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་འཆར་འགོད་བློན་ཆེན་ཟུར་པ་སྐུ་ཞབས་རྭ་ཇ་སེ་ཁ་རན་ལགས་དང༌། གཙུག་ལག་སློབ་དཔོན་རཱམ་ཤན་ཁར་ཐུ་རེ་པ་ཐེ་སོགས་ཕེབས་འདུག དངོས་པོའི་གནས་ལུགས་དང་མི་ཚེའི་འབྲེལ་བའི་སྐོར་སྔོན་དང་དེང་དུས་ཀྱི་ལྟ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་སྟེ། ཉིན་བཞིའི་རིང་འཚོགས་ཡོད་པ་རེད།།

མེ་སོར་གསར་འགོད་པས།