སྐད་ཆ་ཐར་ཐོར་འགའ།

ངས་ནམ་ཡང་དྲན་ཡོང་བ་ཞིག་ནི། ང་ཚོ་བོད་མི་ཡོངས་རྫོགས་ལ་རང་དབང་གི་ཉིན་མོ་ཞིག་ཤར་ནས་རང་ཡུལ་ལུང་པར་ལྷན་འཛོམས་ཀྱི་ཉིན་མོ་ཞིག་འཆར་རྒྱུ་དེ་རེད། དེ་ནི་ང་ཙམ་མིན་པར་བོད་མི་ཡོད་དོ་ཅོག་གི་སེམས་ལ་གནག་པའི་དོན་ཆེན་དང༌། རེ་སྒུག་ཅིག་རེད། འོན་ཀྱང་ཇི་ལྟར་བྱས་ནས་ལྷན་དུ་འཛོམས་ཐུབ་བམ། དུས་ནམ་ཞིག་ལ་འཛོམས་ཐུབ་བམ། རེ་སྒུག་རྐྱང་རྐྱང་གིས་འཛོམས་ཐུབ་བམ་ཟེར་བའི་དྲི་ཚིག་ལྗིད་པོ་འགའ་མིག་མདུན་དུ་ལྷུང་ཡོང་ཚེ། མི་སྒེར་སོ་སོའི་འཇོན་ཚོད་ཀྱིས་འཕག་ཚག་རེ་རྒྱག་དགོས་པའི་གནས་ལུགས་ཤིག་རིམ་བཞིན་རྟོགས་འོང༌། གཞན་མ་གཏོགས་ནམ་ཡང་རེ་སྒུག་གི་ཉི་མ་འཁྱོལ་ཐབས་བྱས་ན་སྐྲ་དཀར་པོ་སྐྱེ་སྲིད་ལ། སོ་དཀར་པོ་བུད་སྲིད། དེ་དུས་སྡུག་བསྔལ་ཞིག་འཁུར་བཞིན་ཨ་ཁུ་ཆོས་རྒྱལ་མཇལ་དུ་འགྲོ་རྒྱུ་ལས་ལྷག་མེད།