སྙན་གྲགས་ཅན་གྱི་གཞས་པ་མེ་ཁལ་རྗེག་སན།
པའི་གནས་ཚུལ་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཞིག་ནས་བཤད་ཡོད་འདུག ཁོ་ལ་ད་ལྟའི་སྐབས་མཆིན་པའི་ན་ཚའི་འོག་ཏུ་སྡུག་བསྔལ་བཟོད་མེད་མྱོང་བཞིན་ཡོད་པ་དང༌།ན་ཚ་དེ་ཉིད་རིགས་རྒྱུད་ནས་བྱུང་བའི་ན་ཚ་ཡིན་མིན་གཏན་འཁེལ་བྱུང་མེད་སྐོར་གོང་གི་གསར་འགྱུར་བརྒྱུད་ལམ་ནས་བཤད་ཡོད་ཀྱང༌།ཁག་ཅིག་ནས་རིགས་རྒྱུད་ཀྱི་ན་ཚ་ཡིན་པར་བརྗོད་ཡོད་པ་རེད། དུས་དེབ་ཅིག་གི་ནང་དུ་རྗེག་སན་སྐོར་གྱི་དེབ་འབྲི་མཁན་གྱི་རྩོམ་པ་པོ་ཞིག་གིས་ཁོ་ལ་ན་ཚ་དེ་བྱུང་ནས་ལོ་བཞི་ཙམ་འགྲོ་ཡི་ཡོད་པའི་གནས་ཚུལ་ཡང་བཀོད་ཡོད་འདུག ཁོའི་མཆིན་པའི་ན་ཚ་དེ་ཉིད་རྩ་བཀོག་གམ་གཤག་བཅོས་བྱེད་དགོས་ཡོད་ཀྱང༌། དེ་ནི་གཟུགས་པོའི་གནས་སྟངས་ཀྱིས་ཧ་ཅང་དཀའ་ལས་ཁག་པོ་ཡིན་པ་མ་ཟད། ཁྲག་མང་པོ་བཞུར་རྒྱུ་ཡིན་པས་ཚེ་སྲོག་ལའང་ཉེན་ཁ་ཡོད་པ་རེད།ལོ་བཞིའི་རིང་སྒེར་གྱི་སྨན་པར་བསྟེན་ནས་ན་ཚ་དེ་ཉིད་འཕེལ་རྒྱས་མི་ཐུབ་པ་དང༌། སྨན་བཅོས་མང་པོ་བྱས་ནས་ད་ལྟའི་བར་བརྟན་པོར་གནས་ཐུབ་ཡོད་འདུག རྗེག་སན་གྱི་གཅེན་པོ་རྗེར་མེའི་ནན་གྱིས་ཀྱང་ཁོ་རང་ད་ལྟ་གཟུགས་པོ་བདེ་ཐང་མིན་པ་དང་དུས་ཚོད་ཡག་པོ་ཞིག་མ་རེད་ཅེས་ཧྥོག་སེ་བརྙན་འཕྲིན་གསར་འགྱུར་ཞེས་པར་འགྲེལ་བརྗོད་བྱས་ཡོད་པ་རེད། མེ་ཁལ་རྗེག་སན་ནི་ད་ལྟའི་བར་འཛམ་གླིང་ནང་ཆེས་སྐད་གྲགས་ཆེ་ཤོས་སུ་ཆགས་པའི་གཞས་པ་ཞིག་ཡིན་པ་དང༌། གཞས་གཏོང་རྒྱུ་གཅིག་པུ་མིན་པར་འཁྲབ་རྒྱུའང་བྱང་ཆུབ་པ་ཡོད་མཁན་ཞིག་ཡིན་པ་རེད། ད་ལྟའི་བར་འཛམ་གླིང་དུ་ཁོའི་གཞས་ལ་དགའ་པོ་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་རེད། ཁོ་རང་ད་ལོ་ལོ་ལྔ་བཅུ་ལ་སོན་ཡོད་པ་རེད་འདུག འཛམ་གླིང་ན་གྲགས་པའི་གཞས་པ་དེ་ཉིད་རིམ་བཞིན་མི་མང་གི་མིག་ནང་དུ་མཐོང་བའི་གོ་སྐབས་དཀོན་པོར་གྱུར་ཡོད་པ་རེད།།