རྒྱ་གཞུང་གི་ཉེས་འཛུགས་ལ་ལན་འདེབས།

དེབ་དེ་ནི་བོད་མི་སྤྱི་དང༌། སྒོས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་འཇིགས་སྐུལ་དྲག་སྤྱོད་པ་ཡིན་སྐོར་བརྗོད་དེ་རྒྱ་ནག་དམར་གཞུང་གིས་ཉེས་འཛུགས་རྣམས་ལ་ལན་འདེབས་ཀྱི་སྐོར་རེད་འདུག བོད་མིའི་ཞི་བའི་ངོ་རྒོལ་དང་ལས་འགུལ་རྣམས་ལ་རྒྱ་གཞུང་གིས་སྐྱོན་བརྗོད་མང་པོ་བྱས་པ་རྣམས་ལ་གསལ་བཤད་དང༌། རྒྱ་གཞུང་གི་ཉེས་འཛུགས་རྣམས་ལ་ལན་འདེབས། གཉན་འཕྲང་ཅན་གྱི་དུས་ཚོད་དང་འབྲེལ་བའི་གནད་དོན་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་བྱ་སྤྱོད་སྐོར་གྱི་ལོ་རྒྱུས་མདོར་བསྡུས་དང་དེ་བཞིན་ཉེ་ཆར་བོད་དུ་ཞི་རྒོལ་བྱུང་བའི་རྒྱུ་རྐྱེན་ཐོག་དབྱེ་ཞིབ་བརྟག་དཔྱད། བོད་ནང་ཞི་རྒོལ་ཤུགས་ཆེ་རུ་ཕྱིན་པ་དེ་སུ་ལ་འགན་འཁྲི་ཡོད་པ། རྒྱ་གཞུང་གིས་བོད་མི་རྣམས་ལ་དྲང་བདེན་མ་ཡིན་པའི་འཛིན་བཟུང་མནར་གཅོད་སོགས་ཀྱི་སྐོར་འཁོད་ཡོད་པ་རེད།།