ཞི་རྒོལ་བར་ཁྲིམས་གཅོད།
འདི་གར་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དཀར་མཛེས་ལྷ་སྐྱིད་གྲོང་ནས་ཡིན་པ་ཕ་མིང་བསོད་ནམས་ཚེ་རིང་དང༌། མ་ཚེ་རིང་མཁའ་དགའ་གཉིས་ཀྱི་བུ་མོ་རང་ལོ་༢༡ ཅན་རིང་ལྡན་ལྷ་མོ་ཡིས་༢༠༠༨ ལོའི་ཕྱི་ཟླ་༥ ཚེས་༡༨ ཉིན་རྫོང་ཐོག་ཏུ་ཞི་རྒོལ་བྱེད་སྐབས་རྨས་སྐྱོན་ཕོག་ཡོད་ནའང་འཛིན་བཟུང་བྱས་ནས། ཕྱི་ཟླ་༡༢ པའི་ཚེས་༢༥ ཡས་མས་ཞིག་ལ་གཟུགས་པོ་ནད་གཅོང་ཆགས་སྟབས་གློད་བཀྲོལ་བཏང་འདུག ཡང་ཏྲེ་ཧོར་ཕྲ་བཟང་མཁའ་ཤང་རྟ་དཔོན་འབྲོག་སྡེ་ནས་རྟ་དཔོན་ཚང་གི་ཕ་ཚེ་འདས་ཕུན་ཚོགས་དང༌། མ་ཚེ་འདས་རིན་ཆེན་ལྷ་སྐྱིད་གཉིས་ཀྱི་བུ་མོ་རང་ལོ་༣༤ ཡིན་པ་གསེར་རྟ་བླ་རུང་དགོན་དུ་ཞི་རྒོལ་བྱས་རྐྱེན་དྲག་ཆས་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ཤིན་མིན་རོ་མིན་ཐོག་འཛིན་བཟུང་བྱས་པ་དང༌། ཕྱི་ཟླ་༡༢ པའི་ཚེས་༢༥ ཡས་མས་ཞིག་ལ་མོ་རང་གིས་ནང་དུ་ཁ་པར་བརྒྱུད་ནས། ད་སྐབས་རྒྱ་ནག་ཁྲིན་ཏུའུ་ལ་སྐྱེལ་འདྲེན་བྱས་ཟིན་པ་དང༌། རོགས་པ་གཅིག་དང་མཉམ་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་ལུགས་དང༌། ད་དུང་ཕྲན་ལ་ཁྱིམ་པའི་གྱོན་ཆས་ཉོས་ནས་སྐུར་རོགས་ཞེས་བཤད་ཡོད་འདུག།