རྒྱལ་ཚོགས་ཀྱིས་དམག་འཐབ་མཚམས་འཇོག་ལག་བསྟར།
ནས་དམག་མཚམས་འཇོག་དང་ཞི་འགྲིག་ཡོང་བར་རེ་སྐུལ་ཞུ་བཞིན་ཡོད་འདུག་ལ། ཨོ་སུ་ཊོ་ལི་ཡ་དང་ཡོ་རོབ་མཐུན་ཚོགས་ཀྱིས་དམག་འཐབ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་ཀྱང༌། ཕྱི་ཚེས་༦ ཉིན་ཨི་ཟི་རལ་གྱིས་རྒྱལ་སྤྱིའི་གནོན་ཤུགས་གང་ལའང་ཉན་འཇོག་མེད་པར་ཧ་མཱ་སི་ཚོགས་པས་དྲག་མཚོན་མཚམས་མ་བཞག་བར་མུ་འཐུད་བཙན་རྒོལ་བྱེད་རྒྱུ་ཡིན་པ་རེད་འདུག ཨི་ཟི་རལ་གྱིས་༢༠༠༦ ལོར་ལེ་བྷ་ནོན་ལ་དམག་བརྒྱབ་པ་ནས་བཟུང་ད་བར་དམག་གི་གྲ་སྒྲིག་ཆེ་ཤོས་དེ་ཡིན་པ་རེད། ད་ལྟའི་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམག་མཚམས་འཇོག་དང༌། ཞི་འགྲིག་ཡོང་ཕྱིར་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཚོགས་ཚོགས་མི་༡༥ ནང་མང་མོས་འོས་བསྡུ་ཞིག་གནང་བ་དང༌། བརྒྱ་ཆ་དགུ་བཅུ་གོ་དགུས་མང་མོས་ཐོབ་ཡོད་པ་དང༌། འོས་འདེམས་བྱེད་མཁན་ནང་ཨ་རིའི་སྤྱི་ཁྱབ་དྲུང་ཆེ། ཨུ་རུ་སུའི་ཕྱི་འབྲེལ་བློན་ཆེན་མཆོག དབྱིན་ཇིའི་ཕྱི་འབྲེལ་དྲུང་ཆེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སོགས་ཡོད་པ་རེད། རྒྱལ་ཚོགས་ཀྱིས་དྲག་སྤྱོད་པའི་རྒྱལ་ཁབ་གཉིས་ཀའི་རེ་འདུན་སྐོང་རེས་དང༌། ཕྱོགས་གཉིས་ཀའི་དཀའ་ངལ་རྣམས་ཁྲིམས་ལུགས་བཞིན་འཕྲལ་ཕུགས་གཉིས་ཀར་མི་གནོད་པའི་ཞི་འགྲིག་གིས་སེལ་ཐབས་བྱེད་རྒྱུ་ཡིན་པ་རེད།།