བོད་ནང་ཛ་དྲག་ཇེ་ཆེ་རེད།
དེ་བཞིན་བོད་ནས་འབྱོར་བའི་གནས་ཚུལ་ཞིག་ལ་ད་ལོ་བོད་ནང་ལོ་གསར་མི་གཏོང་རྒྱུའི་གནས་ཚུལ་ཞིག་གང་སར་ཁྱབ་ཡོད་པ་བཞིན། མི་མང་གིས་ལོ་གསར་གཏོང་རྒྱུ་མིན་ཡང༌། རྒྱ་གཞུང་གིས་ཁམས་ཕྱོགས་ཀྱི་ས་ཁུལ་ཁ་ཤས་ལ་རྫོང་རིམ་པ་བརྒྱུད་ལོ་གསར་གཏོང་དགོས་པའི་མི་མང་ལ་སློབ་གསོ་བྱེད་ཀྱི་འདུག་ཟེར། རྒྱ་ནག་ཁྲེན་ཏུའུ་རུ་ཡོད་པའི་བོད་རིགས་ཚོང་པ་ཚོས་བསམ་ཚུལ་བརྗོད་དོན། ད་ལོ་རྒྱ་ནག་གིས་བོད་ལ་སྡུག་པོ་བཏང་བ་ནི་མི་རབས་ནས་མི་རབས་བར་བརྗེད་མི་ཐུབ་པའི་གནས་ཚུལ་ཞིག་ཡིན། ད་དུང་རྒྱ་གཞུང་གིས་མུ་མཐུད་དེ་དེ་ལྟར་བྱེད་རྒྱུ་ཡིན་ན། ཕྱི་ལོ་༡༩༥༠ ནང་ཁམས་ཀྱི་ཚོང་པ་ཚོས་འགོ་ཁྲིད་པའི་རྒྱ་ནག་ལ་རྒོལ་འཛིང་བྱུང་བ་ལྟ་བུ་ཚོང་པས་འགོ་ཁྲིད་པའི་དྲག་དཔུང་གཉིས་པ་ཞིག་ཀྱང་ཡོང་མི་སྲིད་པ་མ་རེད། དེ་ནི་སྔོན་མ་ལས་ལྷག་པའི་ཆོལ་གསུམ་གཅིག་གྱུར་གྱི་ཚོང་པའི་རྒོལ་འཛིང་ཞིག་ཆགས་ཀྱི་རེད། རྒྱ་ནག་གིས་བོད་རིགས་ཚོང་པ་ཡར་རྒྱས་འགྲོ་རྒྱུར་བཀག་འགོག་གི་ཐབས་ཤེས་ལ་ཚོད་འཛིན་གཏན་ནས་མི་འདུག་ཟེར།།
མེ་སོར་གསར་འགོད་པས།