ཕྲུ་གུ་གཉིས་གཉེན་སྒྲིག་གི་ཆེད་དུ་བྲོས་བྱོལ།

ཉེན་རྟོག་པས་བརྗོད་གསལ་ལྟར་ན་ཕྲུ་གུ་མི་ཀ་དང་ཨན་ན་ལེ་ན་གཉིས་ཕན་ཚུན་ཧ་ཅང་བརྩེ་དུང་ཟབ་པ་མ་ཟད། ཁོང་གཉིས་ཆང་སའི་རྟེན་འབྲེལ་ཆེད་དུ་ཨ་ཧཕ་རི་ཁར་འགྲོ་རྒྱུར་ཐག་བཅད་པ་དང༌། ཁོང་གཉིས་ལ་ཆང་སའི་དཔང་མིའི་ཆེད་ལོ་༥ ལ་སོན་པའི་བུ་མོ་དེའི་གཅུང་མོ་ཡང་མཉམ་དུ་ཁྲིད་འགྲོ་ཡི་འདུག་ཅེས་བརྗོད་འདུག ཁོང་ཚོའི་བརྩེ་དུང་གི་འགྲུལ་བཞུད་འདིའི་བསམ་བློ་ཐོག་མར་མི་་ལ་འཁོར་ཡོད་འདུག དེ་ཡང་མི་ཀས་དེ་སྔོན་རང་ཉིད་ཀྱི་ཕ་མས་ལོ་གསར་ལ་སྲུང་བརྩི་ཞུ་བཞིན་པའི་སྐབས་སུ་ཁོང་ཨི་ཊ་ལིར་སྤྲོ་འཆམ་དུ་ཕྱིན་པའི་སྐོར་བཤད་ཅིང༌། རིམ་པས་གསང་བའི་ངང་བྲོས་བྱོལ་དུ་འགྲོ་རྒྱུར་གྲོས་ཐག་བཅད་ཡོད་འདུག ཁོང་གསུམ་ཕྱི་ལུགས་ཀྱི་ལོ་སར་སྐྱ་རེངས་དང་པོ་སླེབས་མཚམས་སུ་ཁྱིམ་ནས་འབྲོ་སྐབས་མིག་ཤེལ་དང༌། གྱོན་ཆས། རྒྱན་ཆ། རྒྱགས་ཕྱེ་སོགས་ཚང་མ་སྔ་ས་ནས་གྲ་སྒྲིག་བྱས་ཡོད་འདུག འཆར་གཞི་བཞིན་ཁྱིམ་ནས་ཀི་ལོ་མི་ཊར་གཅིག་ཙམ་རིང་གོམ་པ་བརྒྱབ་ནས་ལམ་ཆེན་དུ་འབྱོར་ཕྲལ་འགྲུལ་སྐྱོད་གླ་འཁོར་ནང་མེ་འཁོར་འབབ་ཚུགས་སུ་ཐོན་ཡོད་པ་རེད། མེ་འཁོར་འབབ་ཚུགས་ནས་གནམ་ཐང་དུ་འགྲོ་བའི་མེ་འཁོར་བསྒུག་ནས་སྡོད་སྐབས། མེ་འཁོར་བདེ་སྲུང་པ་དོགས་པ་སྐྱེས་ནས་ཉེན་རྟོག་པར་འབྲེལ་བ་བྱས་ཡོད་འདུག ལས་བྱེད་གཉིས་ཀྱིས་གསུང་གསལ་ལྟར་ན། ཁོང་ཚོ་གསུམ་ལ་དངུལ་མང་པོ་མེད་ནའང་ཨ་ཧཕི་རི་ཁར་འགྲོ་རྒྱུའི་འཆར་གཞི་འདུག་ཅེས་བརྗོད་པ་དང༌། ཕྱིས་སུ་ཁོང་ཚོའི་ཕ་མ་རྣམས་འབྱོར་ནས་ཕྲུ་གུ་རྣམས་རང་ཁྱིམ་དུ་བསུས་ཡོད་ཀྱང༌། ཁོང་ཚོ་ད་དུང་བྲོས་བྱོལ་བྱེད་རྒྱུ་ཉག་གཅིག་རེད་འདུག་ཅེས་འབྲེལ་ཡོད་ཀྱིས་བརྗོད་ཡོད་འདུག།