མཉམ་འབྲེལ་རྒྱལ་ཚོགས་ལ་མ་བརྩིས་པར་བློ་ཕམ།
ཨི་ཟི་རལ་གྱི་སྲིད་འཛིན་ཤེ་རོན་གྱིས་ད་ལྟའི་བཙན་རྒོལ་འདི་རྒྱལ་ཁབ་དང་མི་མང་སྲུང་སྐྱོབས། འཇིགས་སྐུལ་རིང་ལུགས་ལ་རྒོལ་ལན་སྤྲད་པ་ཞིག་ཡིན་ཞེས་བརྗོད་འདུག
ཕྱི་ཚེས་༨ ཉིན་ནས་རྒྱ་གྲམ་དམར་པོ་སོགས་རྒྱལ་སྤྱིའི་རོགས་རམ་ཚོགས་པ་ཁག་དང༌། ཁྱིམ་མཚཻས་རྒྱལ་ཁབ་འགའ་ཤས་ནས་སྨན་པ་མང་པོ་སྨན་བཅོས་ཀྱི་རོགས་རམ་ཆེད་དུ་འབྱོར་ཡོད་འདུག་ཅིང༌། ཁོང་ཚོས་ཨི་ཟི་རལ་གྱི་དམག་མི་ཚོས་རྨས་སྐྱོན་ཕོག་པའི་མི་མང་ལ་རོགས་པ་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་འདུག ད་བར་མི་མང་༤༠༠༠ ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་ཅིང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགྲིན་ཚབ་མས་བརྗོད་གསལ་ལྟར་ན་ཨི་ཟི་རལ་དང་པཱ་ལི་སི་ཐན་ཕྱོགས་གཉིས་ཀས་མྱུར་དུ་དམག་མཚམས་འཇོག་དགོས་ཞེས་དྲིལ་བསྒྲགས་བྱས་ཡོད་ཀྱང༌། དམག་འཁྲུག་གཡུལ་འགྱེད་ནི་མུ་མཐུད་བཞིན་ཡོད་པ་མ་ཟད། ཨི་ཟི་རལ་གྱིས་མེ་ཤུགས་འཕུར་མདའ་འཕེན་ཡུལ་ཁག་དྲུག་ཅུ་ལ་དམིགས་ནས་དམག་རྒྱག་གི་ཡོད་པ་རེད། ཨ་རབ་ཀྱི་ལུང་པ་གཞན་གྱི་ཁ་ཆེ་བ་རྣམས་དང་བླང་ཐོག་པཱ་ལི་སི་ཐན་དུ་གསང་བའི་ངང་ཡོང་བཞིན་ཡོད་ལ། གྷ་ཟ་གྲོང་ཁྱེར་ནས་མི་མང་ཁྲི་དགུ་ཙམ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་འདུག་ལ། ཕྱོགས་གཉིས་ཀྱི་མི་མང་འགའ་ཞིག་གིས་དམག་མཚམས་འཇོག་དགོས་པའི་སྐད་འབོད་བྱེད་མཁན་ཡང་ཡོད་པ་རེད་འདུག།