ཕྱི་ཚེས་བཅུ་ཉིན་ལྡན་ཆོས་འཁོར་དགོན་དུ་རྒྱ་གཞུང་ལ་ཞི་རྒོལ།
དེ་དག་གི་གནད་དོན་གཙོ་བོ་ནི་ལྷ་སར་བྲོ་གཞས་སོགས་འཁྲབ་ལེན་བྱེད་དུ་མི་འགྲོ་བའི་སྐོར་དང་བོད་རང་དབང་རང་བཙན་དགོས་སྐོར་སོགས་གཅིག་མཚུངས་བརྗོད་ཡོད་འདུག ལྷ་སར་བྲོ་གཞས་འཁྲབ་ལེན་ཞེས་པ་ནི་བོད་རང་སྐྱོང་ལྗོངས་ཞེས་པའི་ལས་བྱེད་ཁག་ཅིག་གིས་འཛུབ་སྟོན་བྱས་དོན་བཞིན་༢༠༠༩ འདིའི་ནང་དུ་བོད་ལྗོངས་བཅིངས་གྲོལ་ཐོབ་ནས་ལོ་ངོ་ལྔ་བཅུ་ཐམ་པ་འཁོར་བའི་དུས་སྟོན་ཞིག་གི་ཆེད་དུ་ཡིན་སྐོར་དང་ཁག་ཅིག་གིས་མི་མང་མཉམ་ལས་བཤིགས་ཏེ་ཞིང་འབྲོག་སྒེར་བདག་ཅན་དུ་བསྒྱུར་ནས་ལོ་ངོ་༣༠ འཁོར་ནས་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་ཆེད་དུ་ཡིན་སྐོར་ཡང་བརྗོད་བཞིན་ཡོད་འདུག གང་ལྟར་འབར་རྫས་འཐོར་བར་ཞིབ་འཇུག་བྱེད་བཞིན་པའི་སྐབས་དེར་རྒྱ་མིའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་གསུམ་དང་ཆུང་བ་ལྔ་ཙམ་འབྱོར་ནས་ས་གནས་དེའི་གཞས་པ་གཞས་མ་རྣམས་ལྷ་སར་སྐྱེལ་འདྲེན་ཆེད་དུ་འབྱོར་ཡོད་འདུག
བྱུང་རྐྱེན་དེ་ལ་བརྟེན་ནས་༢༠༠༩།༡།༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༥།༠༠ ཙམ་ནས་འགོ་བཙུགས་ཏེ་ལྡན་ཆོས་འཁོར་དགོན་པའི་དགེ་འདུན་པ་༢༠༠ ཙམ་གྱིས་སྣེ་ཁྲིད་ནས་སེར་སྐྱ་མི་མང་༣༠༠ ལྷག་ཙམ་ཞིག་གིས་རྒྱ་མིའི་ལས་ཁུངས་ལ་ཆེད་དུ་བཅར་ཏེ་ད་ལན་ང་ཚོ་བོད་རིགས་ཞིག་གི་ངོས་ནས་བཤད་ན་ལྷ་སར་གཞས་སྣ་འཁྲབ་སྟོན་བྱས་རུང༌། དེ་ནི་བོད་པའི་ཁ་རྒྱུན་ལ་ཕ་བསད་པའི་ཐོག་ལ་རྒྱལ་རྔ་དང་བརྡུང་བ་དང༌། འབྲོང་བསད་བསད་པའི་ཐོག་ལ་རྔ་མའི་དར་ལྕོག་གི་དཔེ་ལས་མ་འདས་པས་དེ་འོས་འཚམས་ཤིག་གཏན་ནས་མིན་པས་གཞས་པ་རྣམས་དང་གླུ་བ་རྣམས་ལྷ་སར་ཁྲིད་ན་འགྲིག་ཐབས་རྩ་བ་ནས་མེད་པ་རེད། དེའི་རྒྱུ་མཚན་ཡང་ཁྱེད་ཚོས་ཤེས་གསལ་ལྟར་རེད། འདས་མ་ཐག་པའི་ལོ་དེའི་ཟླ་བ་གསུམ་པའི་ཚེས་བཅུ་བཞི་ཉིན་ནས་བཟུང་སྟེ་ལྷ་སར་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་དང༌། མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་རྣམས་བདེན་དོན་ཆེད་དུ་ཞི་བའི་ལས་འགུལ་སྤེལ་བ་ལ་བརྟེན་ནས་དེང་སྐབས་དམྱལ་བའི་སྡུག་བསྔལ་མི་ཡུལ་དུ་མྱོང་བ་ལྟ་བུ་ཞིག་བྱུང་ཡོད་པས་གླུ་གཞས་ལ་རོལ་ནས་དགའ་སྟོན་བྱེད་རྒྱུའི་དུས་ཚོད་ཅིག་གཏན་ནས་མིན་སྐོར་བརྗོད་དེ་ངོ་རྒོལ་ཤུགས་ཆེ་བྱས་ཡོད་འདུག སྐབས་དེར་ས་གནས་ལས་བྱེད་པ་དྲག་གྲས་ཁག་ཅིག་གིས་བརྗོད་དོན། ཁྱེད་རང་ཚོས་བྱ་སྤྱོད་འདི་ཆེས་ཉེན་ཚབས་ཅན་ཞིག་ཏུ་གྱུར་ཡོད་པས་རིང་མིན་ཆབ་མདོ་དང་འཇོ་མདའ་སོགས་ནས་དྲག་ཆས་དམག་མི་དང་ཉེན་རྟོག་པ་སོགས་ཡོང་གི་ཡོད་སྐོར་སོགས་ཀྱིས་འཇིགས་སྐུལ་བྱས་ཡོད་ཀྱང༌། དེར་ཡོད་དགེ་འདུན་པ་ཡོངས་དང་མི་མང་ཆ་ཚང་གིས་དཔའ་ངར་ཞུམ་པ་མེད་པའི་ཐོག་ནས་ཕྱི་དྲོ་ཆུ་ཚོད་༥ ནས་མཚན་ཆུ་ཚོད་༡༢ བར་དུ་དགོས་འདུན་སྣ་ཚོགས་ཤིག་བཏོན་ནས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་འདུག དེའི་སྐབས་ཀྱི་འབོད་སྒྲ་གཙོ་བོ་གཅིག་ནི་བོད་རིགས་ལ་ཆེས་ལོ་ནག་ལྟ་བུའི་ལོ་འདིར་ང་ཚོར་ལྷ་སར་གཞས་འཁྲབ་སར་སོང་ཟེར་བ་དེ་བོད་རིགས་ལ་མཐོང་ཆུང་དང་དམའ་འབེབས་བརྙས་བཅོས་ཡིན་ཞེས་ངར་སྐད་དྲག་པོ་བསྒྲགས་ཡོད་འདུག ཁག་ཅིག་གིས་ཆོས་དད་རང་དབང་ཞེས་པ་དེ་རྒྱ་དམར་གྱིས་བཤད་བཞིན་ཡོད་ཀྱང་ལག་ལེན་མེད་སྐོར་དང༌། ཡང་ཁག་ཅིག་གིས་ལོ་འདིར་བོད་ས་སྟོད་སྨད་བར་གསུམ་གང་སར་རང་དབང་བདེན་དོན་ཞིག་གི་འབོད་སྐད་སྒྲོག་པ་ཙམ་ལ་རྒྱ་གཞུང་གིས་ནག་ཉེས་སྣ་ཚོགས་བཙུགས་ཏེ་གསོད་རྡུང་འཕྲོག་གསུམ་བྱས་པ་རེད། དེ་ཚོར་ནག་ཉེས་གང་ཡོད་འཛམ་གླིང་མི་མང་གི་མདུན་སར་གསལ་པོ་བཟོ་དགོས་སོགས་སྐད་འབོད་སྣ་ཚོགས་བྱས་ཡོད་འདུག གོང་གསལ་གནས་ཚུལ་འདི་འབྲེལ་ཡོད་འབྲས་བློ་གླིང་གླིང་ཁང་ཚན་དུ་བཞུགས་པའི་ལྡན་ཆོས་འཁོར་དགོན་གྱི་གྲྭ་འཇམ་གཅེས་ལགས་ཀྱིས་འགྲེལ་བརྗོད་གནང་སོང༌།།
མོན་གྷོ་ས་གནས་གསར་འགོད་པས།