བལ་ཡུལ་དུ་བྱ་ནད་ཁྱབ་པ།
བྱ་ནད་འགོས་གཞིར་གྱུར་པའི་ཐོན་སྐྱེད་ཁག་སྐྱེལ་འདྲེན་དང་ཉོ་ཚོང་བཀག་བསྡོམས་བྱེད་ཀྱི་ཡོད་པ་དང༌། དོགས་གཞི་ཡོད་པའི་བྱ་དེ་ཁྲི་ཚོ་མང་པོ་སྡེབས་གསོད་ཀྱིས་ས་སྦས་བྱེད་ཐབས་སྦྱོང་བརྡར་སྤྲད་དེ་ལག་ལེན་དུ་བསྟར་བཞིན་ཡོད་འདུག གཞུང་གིས་སྒོ་ང་གཏོང་མཁན་གྱི་བྱ་མོ་རེར་སྒོར་༥༠༠ དང་གཞན་ལ་༢༥༠ རེ། སྒོ་ང་རེར་པད་༥༠ རེ་སྤྲོད་རྒྱུ་ཡིན་ལུགས་ཀྱང་བཤད་ཡོད་པ་རེད། ཆེས་སེམས་འཚབ་བྱེད་དགོས་པ་ཞིག་ནི་བྱ་ནད་དེ་ཁ་ལག་བརྒྱུད་མི་ལ་འགོ་བའི་ཉེན་ཁ་དེ་ཡིན་ནའང༌། ད་ལྟའི་བར་ས་ཁུལ་དེར་དེ་འདྲའི་གནས་ཚུལ་གང་ཡང་བྱུང་མི་འདུག གལ་ཏེ་བྱ་ཤ་ཡག་པོ་ཚོས་ཐུབ་པ་བྱུང་ཚེ་ནད་དུག་དེ་དག་ཚིག་འགྲོ་ཡི་ཡོད་པ་འགྲེལ་བཤད་ཀྱང་བྱས་ཡོད་པ་རེད།།
བལ་ཡུལ་གསར་འགོད་པས།