་བློ་བཟང་ཐུབ་བསྟན།

མཐོ་སྒང་མི་རིགས་ཀྱི་ལས་འགན་ཡོད་ཚད་ང་ལའང་ཡོད། དེའི་རྐྱེན་གྱིས་ངའི་མཐོང་སྣང་ལ་ང་ཚོའི་སྤྱི་ཚོགས་ནང་དུ་ང་ཚོ་ལ་གཞན་དང་མི་འདྲ་བའི་བེད་སྤྱོད་དང་རིན་ཐང་མེད་པའི་ཅ་ལག་དྲི་མ་ཅན་མང་པོ་ཞིག་འདུག དེ་ནི་ཆོས་ལུགས་དང་ཆོལ་ཁ་ཕྱོགས་རིས་བྱེད་པ་དེ་རེད། ཆོལ་ཁ་ཆོས་ལུགས་ཞེས་པའི་ཐ་སྙད་དྲི་མ་ཅན་དག་གི་དོན་དུ་རྩོད་པ་རྒྱག་མཁན་ནི་ང་ཚོའི་སྤྱི་ཚོགས་ལ་ཧ་ཅང་མང༌། ཁོང་ཚོ་ལ་མཚོན་ན་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ལ་བཅིངས་པའི་ལར་ཞེན་ཏིལ་འབྲུ་ཙམ་ཡང་མེད་ལ། བསམ་གཞིག་གི་ཀླད་པ་དེ་བས་ཀྱང་ག་ལ་ཡོད།  དོན་དངོས་ལ་བེད་སྤྱོད་མེད་པའི་ཅ་ལག་དྲི་མ་ཅན་དེ་ཚོ་ལྟེབ་བརྩེག་དུ་མ་བརྒྱབ་སྟེ་གད་སྙིགས་དང་ལྷན་དུ་གཡུག་ན་ལེགས་སྙམ། ང་ཚོ་ལ་ཆེས་དགོས་མཁོ་ཆེ་བའི་ཅ་ལག་ནི་མཐོ་སྒང་མི་རིགས་ཀྱིས་སྒྲུབ་འོས་པའི་འགན་ནི་ང་ཚོའི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ྋགོང་ས་མཆོག་གི་ཅི་གསུང་བཀའ་བཞིན་སྒྲུབ་རྒྱུ་དང་པོ། དེ་ཡང་གངས་ཅན་པ་ང་ཚོ་སྒང་པ་མི་རིགས་གཅིག་སྒྲིལ་གྱི་ངང་ནས་མདུན་སྐྱོད་བྱས་ན། མི་འགྲུབ་པའི་བྱ་བ་གང་ཡང་མེད། དཔེར་ན། ཨུ་ཊི་ལིའི་ཆབ་སྲིད་པ་བྷ་ཌི་མིའ་སོ་ལའི་ནིས་བྱབྱརྒྱུག་པ་ཁྲི་ཕྲག་མང་པོ་ཞིག་ལྷན་གཅིག་ཏུ་ཐག་པ་གཅིག་གིས་བསྡམས་པ་ཡིན་ན། སུས་ཀྱང་བཅག་མི་ཐུབ།བྱབྱ  དེ་ནི་ཆིག་སྒྲིལ་གྱི་ནུས་པ་ཡིན་གསུངས་པ་ལྟར་ཡིན། མཇུག་ཏུ་ཁ་དོག་མེད་པའི་གངས་ཕྲུག་ངས་བོད་རིགས་རྒྱ་ཆེའི་མི་མང་ལ་ཞུ་འདོད་པ་ནི། ང་ཚོ་ཤ་ཁྲག་གཅིག་ནས་མཆེད་པའི་བོད་རིགས་སྤུན་ཟླ་ཡིན་པ་མ་བརྗེད་རོགས། ད་དུང་ང་ཚོ་སྐྱེ་བ་ཡང་བོད་མི་རིགས་ཆེད་དུ་ཡིན་ལ། ཤི་བ་ཡང་བོད་མི་རིགས་ཀྱི་ཆེད་དུ་ཡིན། བཀྲ་ཤིས་བདེ་ལེགས་སྤུན་ཟླ་ཚོ།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||