རྒྱ་གར་སྲིད་བློན་མཆོག་བཤའ་བཅོས།
བཤའ་བཅོས་དེའི་རྐྱེན་གྱིས་ཁོང་གི་ཚབ་ཏུ་རྒྱ་གར་ཕྱི་སྲིད་བློན་ཆེན་ཕེབས་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག ཟླ་འདིའི་ཚེས་ ༢༨ རེས་གཟའ་ཕུར་བུ་ཉིན་སྲིད་བློན་མཆོག་སྨན་ཁང་ནས་ཕྱིར་ཐོན་ཐུབ་རྒྱུ་ཡིན་པའི་གསལ་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་འདུག
སྲིད་བློན་གྱི་ནད་གཞི་འདི་ཕྱི་ལོ་ ༡༩༩༠ ལོར་དབྱིན་ཡུལ་དུ་སྨན་བཅོས་ཐེངས་གཅིག་བྱས་མྱོང་བ་དང༌། དེ་རིང་གི་ནད་གཞི་འདི་བདུན་སྔོན་མ་ནས་བྲང་ཁོག་ལ་ན་ཟུག་བརྒྱབ་ནས་འགོ་བཙུགས་པ་ཞིག་ཡིན་འདུག མུམ་བྷེ་ནས་སྨན་པ་ཚོས་བཤའ་བཅོས་ལག་ཆ་སྒམ་ ༢༠ འཁྱེར་ཡོད་པའི་གནས་ཚུལ་འདུག །
