གནས་ཚུལ་རྫུན་བཟོ་བྱེད་ཀྱི་ཡོད་པ་རེད།

དེ་སྔ་རྒྱ་དམར་གཞུང་གིས་ཕྱི་ཟླ་གསུམ་པའི་གསར་འགྱུར་ནང་བཤད་པའི་སློབ་གྲྭར་ཁ་བྲལ་རིང་ལུགས་པས་མེ་བརྒྱབ་པ་རེད་ཅེས་འུར་ཤོག་བྱས་དེ་ཡང་བདེན་པ་མ་ཡིན་པའི་འགྲེལ་བརྗོད་ཀྱང་གསལ་བོ་གནང་བྱུང༌། རྒྱ་དམར་གྱིས་གསར་འགྱུར་རྫུན་བཟོའི་ཆེད་དུ་དེ་སྔོན་སློབ་མ་རྣམས་ཡར་རྒྱུག་མར་རྒྱུག་བྱེད་དུ་བཅུག་ཏེ། མི་ཚང་མར་ལོག་སྤྱོད་པས་མེ་བསྲེག་བཏང་སོང་ཟེར་ནས་ཞེད་སྣང་བསྐུལ་ཡོད་པ་རེད། སློབ་གྲྭའི་ནང་དུ་བཙན་དབང་འོག་སློབ་མ་ཁག་ཅིག་དང༌། དགེ་རྒན་བུད་མེད་ཅིག་ངུ་རུ་བཅུག་ཏེ། བརྙན་འཕྲིན་མདུན་དུ་གསར་འགྱུར་རྫུན་མ་བཤད་དུ་བཅུག་འདུག་ཅེས་གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་འགྲེལ་བརྗོད་གནང་སོང༌།།

གནས་ཚུལ་མཁོ་སྤྲོད་པ་དགའ་ལྡན་གྲྭ་བག་བྲོ།