བསྟན་སྲིད་མི་རིགས་ལ་སྨན་པའི་སྲི་ཞུ་རིགས་ལ་བརྩོན་ན་མི་བཟང་ངམ།
གང་ལྟར་ཀྱང་རྨོག་རུ་བསྟན་པ་དང་དགེ་སྐོས་གཉིས་ཀྱི་འཁོན་འཛིན་ནམ་རྙོག་གླེང་ཇི་ཡོད་དེ་དང༌། དེ་འབྲེལ་གྱི་གནད་ཡོད་ཁག་གིས་བགྲོ་གླེང་གནང་སྟེ་བདེན་ཀ་སྦྱིན་རྒྱུ་ལས། ངེད་དྲ་གྲོགས་ཚོས་གང་ཟག་སྒེར་རེ་ཟུང་གཞིར་བཞག་གིས་དེ་ལྟར་གླེང་མོལ་ནུས་མེད་དེ་འདྲ་གནང་སྟེ་ཉི་མ་འཁྱོལ་ཐབས་བྱས་ན་ཕན་ཁ་མི་འདུག དེ་ལས་དྲ་གྲོགས་ཚོས་ཕུ་ཡུལ་དང༌། མི་རིགས་ཀྱི་ལ་རྒྱར་དུང་ཞེན་དང༌། བརྩེ་སེམས་ཀྱི་དཔུང་པ་གཅིག་ཏུ་བཤིབས་ཏེ་བསྟན་སྲིད་མི་རིགས་ལ་སྨན་པའི་སྲི་ཞུ་རིགས་ལ་བརྩོན་ན་མི་བཟང་ངམ།