བཅུ་དགུའི་བུ་མོ་དངུལ་གྱིས་བསླུས།

གང་ལྟར་མཛེས་བལྟ་ན་སྡུག་པའི་མགྲོན་ཁང་དེའི་སྤང་ཟུར་ཞིག་ན་ང་གཉིས་ཇ་ཕོར་རེ་གཏོང་གིན་སྐད་ཆ་རེ་བཤད་བཞིན་སྡོད་སྐབས་ངའི་གྲོགས་པོས་ཝ་ཡེ་ལྟོས་དང་། ཕ་གིའི་མི་དེ་གྲྭ་ལོག་ཡིན་པ་དང་། ཨ་རི་ནས་སླེབས་པ། ད་དུང་ཁོ་ལོ་ན་༤༦ ཡན་ཡིན་པ། ཁོས་གྷོ་པ་པུར་སློབ་གྲྭའི་འཛཱིན་གྲྭ་དགུ་པའི་ནང་སློབ་སྦྱོང་བྱ་བཞིན་པའི་བུ་མོ་ལོ་ན་བཅུ་དགུར་སླེབས་པ་ཞིག་ཆུང་མར་འཁྲིད་དེ་ཡོད་པ་སོགས་འགྲེལ་བརྗོད་བྱས་སོང་མ་ཐག་དངོས་གནས་ཁོའི་ཉལ་ཁང་ནས་བུ་མོ་ལོ་ན་ཕྲ་བ་གཟུགས་མཛེས་པ་ཞིག་མཐོན་བྱུང་བར་ཡང་མཛུབ་མོ་བཙུགས་ཏེ་ཕ་གི་ལྟོས་དང་ཁོའི་ཆུང་མ་རེད་ཟེར། ངོ་མ་ཌོ་ལར་གྱིས་ཉོས་པའི་ཆུང་མ་ཙམ་རེད་ཟེར།་་་་་་་་་་་་་་་་་་་

གལ་སྲིད་དྲི་བ་ཡོད་ཚེ་ཐད་ཀར་གསུང་རོགས། ད་དུང་ངས་དྲི་གྲོགས་ཚོའི་སྤྱན་ལམ་དུ་ཁོང་གཉིས་ཀྱི་འདྲ་པར་ཞིག་ཕུལ་ཐུབ་རྒྱུར་འབད་བརྩོན་བྱ་བཞིན་ཡོད་པས་དེ་ལྟར་དོན་སྨིན་མ་བྱུང་ཚེ་དགོངས་འགལ་མེད་པ་ཞུ།