གསལ་བསྒྲགས།

འོན་ཀྱང་རྣམ་པའི་ཆ་ནས་སྤྲོ་སྐྱིད་ཀྱི་བྱེད་སྒོར་གཏོགས་ཤིང་འདས་པའི་ལོ་འདིར་རྒྱ་མིས་ཕ་ཡུལ་ཁ་བ་ཅན་ལ་མནར་གཅོད་སྡུག་བསྔལ་ཚད་ལས་འདས་པ་བཏང་དང་གཏོང་བཞིན་པ་དང༌། དཔའ་བོ་དཔའ་མོ་མང་པོ་ཞིག་གི་ཚེ་སྲོག་ཤོར་བ། དེ་ལས་མང་བ་ཞིག་ཡ་ང་བའི་བཙོན་ཁང་ནང་དུ་ཡོད་པ། ཁྱད་པར་རྫ་ཆུ་ཁའི་ངོས་ནས་ཀྱང་ས་བྱི་ཞི་རྒོལ་ཆེན་མོའི་རང་དབང་གི་མི་སོན་ཆེས་ཐོག་མར་རྒྱལ་ས་ལྷ་སའི་མདུན་ཐང་ནས་དར་འཕྱར་མཁན་རྣམས་དང༌། མཆོག་སྤྲུལ་ཨ་དྲིས་རིན་པོ་ཆེ། རྒན་དགྲ་ལྷ་སོགས་ཉེས་མེད་ཉེས་འཛུགས་ཀྱིས་ཁྲིམས་ལ་སྤྱར་ཡོད་པ་སོགས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང༌། གཞི་བྱེས་བོད་མིའི་རྡོག་རྩ་གཅིག་སྒྲིལ་གྱི་སེམས་པ་མཚོན་བྱེད་དུ་ད་ལོའི་ལོ་གསར་ཐུགས་སྤྲོ་གནས་སྐབས་གཏོང་རྒྱུ་མིན་པས་དེ་ལུགས་མཁྱེན་ཆུབ་ཡོང་པ་ཞུ་ཞུ།
བོད་རྒྱལ་ལོ་ ༢༡༣༥ ཟླ་ ༡༢ ཚེས་ ༡ ལ། རྫ་ཆུ་ཁའི་རྡ་ས་སྐྱིད་སྡུག་རྒྱུན་ལས་ཐུན་མོང་ནས།