ན་ཟུག་གིས་རྐྱེན།

ལན་ཆགས་བུ་ལོན་ཆེ་བའི་མི་ཚེ་འདི།།

ཉེ་རིང་ཕྱོགས་ཞེན་མེད་ན་བཟང་བ་ལ།།

དགྲ་སྡང་གཉེན་སྐྱོང་མི་དགོས་སྐྱིད་ན་ཡང་།།

ད་ལྟའི་ཚེ་ཐོག་འདི་ལ་དཀའ་རབས་ཤིག། 

 

ཕར་ལ་དུངས་ཀྱང་ཚུར་ལ་མི་བརྩེ་བ།།

ཚུར་ལ་དགའ་ཡང་ཕར་ལ་མི་སེམས་པས།།

འཇིག་རྟེན་གོ་རིམ་ནོར་བའི་མུན་ཁྲོད་དུ།།

མི་ཚེ་འདི་ལས་ཐར་རབས་མེད་དོན་ཅི།། 

 

སོང་ས་བསྡད་སར་མྱི་ཁའི་ན་ཟུག་ལྕི།།

ཤི་གསོན་དབྱེ་བ་མི་ཆོད་འཆིང་ཐག་ཞིག།

སྔོན་བསགས་ལས་ཀྱིས་གནང་བ་མིན་རྒྱུ་ན།།

ཕྱི་མ་གར་འགྲོ་ཕྱོགས་སུ་སེམས་འཁྲལ་མེད།། 

 

མདོར་ན་འཁོར་བའི་གཤིས་ཚུལ་སྐྱུར་མོ་འདི།།

རང་གཞན་སུས་ཀྱང་མྱོང་དགོས་མ་བྱུང་བར།།

སུ་དང་འཕྲད་པའི་དགའ་སའི་མི་དག་གིས།།

བསམ་དོན་ཡིད་བཞིན་འགྲུབ་པའི་སྐྱབས་མཇུག་ཡོད།། 

This will close in 0 seconds