སེམས་ཀྱི་སྒྲོལ་མ།
མཛེས་སྡུག་གངས་རིའི་ཕར་ཕྱོགསསུ།།
སེམས་ཀྱི་སྒྲོལ་མ་ཉེར་གཅིག་བཞུགས།།
བརྩེ་སེམས་སྦྲང་རྩི་མངར་མོ་བཞིན།།
སྙིང་གཏམ་བཤད་ན་དགའ་བ་ལ།།
མཚན་མོའི་ཟླ་འོད་དྲང་བསིལ་བསིལ།།
རི་ཀློང་ཐམས་ཅད་ཁུ་སིམ་སིམ།།
དྲན་གདུང་སེམས་པ་ཆུ་ཕྲན་བཞིན།།
ཤག་ཤག་རྩང་པོའི་འགྲམ་དུ་བཞུར།།
ལྷོ་མཐའི་བུ་ཆུང་སེམས་པ་འདི།།
ས་མཐའི་བུ་མོའི་རུམ་ན་ཡོད།།
དྲན་གདུང་སེམས་པ་རླུང་བུ་བཞིན།།
སེམས་ཀྱི་སྒྲོལ་མའི་ཕྱོགས་སུ་ཤོར།།