མིག་ཆུ།

རྒྱ་དམག་གིས་སྤུན་ཟླའི་ཁྲག་དམར་ཐང་དུ་ཕྱུང༌། ང་ཚོས་དེའི་སྟེང་དུ་སྤྲོ་སྐྱིད་བཏང་ན་ཇི་འདྲའི་ཚོར་མེད་ཀྱི་སྐྱོ་གར་ཞིག་མ་ཡིན་ནམ། གནས་སྟངས་འདིས་ང་ཚོའི་ལོ་གསར་སྤྲོ་སྐྱིད་ཡལ་སོང་བ་རེད། གསོན་བཞིན་པའི་སྤུན་ཟླ་རྣམ་པ། ཁྱེད་ཅག་གིས་འདས་མ་ཐག་པའི་ང་ཚོའི་དཔའ་བོ་དང་དཔའ་མོ། ལྕགས་སྒྲོག་གིས་བཅིངས་མ་ཐག་པའི་མུན་ཁྲོད་ཀྱི་རང་རིགས་སྤུན་ཟླ་རྣམས་ཇི་ཙམ་དྲན་གྱིན་འདུག ངས་ཁོང་ཅག་ལྷག་ཏུ་དྲན། དྲན་དྲག་པའི་གདུང་བས་ཡིག་དུམ་འདི་འབྲི་བར་མིག་མཐའི་མཆི་མས་རམ་འདེགས་བྱས་བྱུང༌། ད་ང་ཚོས་འཆར་ལ་ཉེ་བའི་ལོ་གསར་པའི་དུས་ཚེས་ལ་སྟོན་མོའི་ཚབ་ཏུ་སྲོག་དབང་ལོ་རྒྱུས་ལ་བསྟིམས་ཟིན་པ་དང༌། སྟིམ་བཞིན་པ། ད་དུང་བསྟིམ་འགྱུར་གྱི་སྤུན་ཟླ་ཚོའི་ཚེ་སྲོག་དང་ཟུངས་ཁྲག་གི་རིན་ཐང་གླེང༌། རྗེས་དྲན་གྱི་གུས་འདུད་ཞུ། ཕྱག་ཟུང་ལྕགས་ཟྭ་ཡིས་བསྡམས་པའི་རྒྱལ་གཅེས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་འབོད་ཚིག་སྒྲོག སྐྱིད་སྡུག་མཉམ་མྱོང་གི་ཟས་བཅད་བྱེད་བཞིན་འདས་སོང་གི་ཉེ་དུ་དང༌། བཙོན་ནང་གི་སྤུན་ཟླ་རྣམས་ལ་སེམས་གསོ་བྱ། ཀྱེ་ཀྱེ་་་་་་འཆི་གསོན་གྱི་དཔའ་རྒོད་ཚོ། ས་ཡ་དྲུག་པོ་ཁྱེད་ཅག་དང་མཉམ་དུ་ཡོད། ནམ་ཡང་ཁྱེད་ཅག་དང་མི་འབྲལ་བའི་དམ་བཅས་ཡོད་པས། ཐུགས་མ་ཕམ་ཨ། ངའི་སྤུན་ཟླ་ལགས།།