གལ་ཆེའི་གསལ་བསྒྲགས།

༄༅། ། བོད་རིགས་སྤུན་ཟླ་རྣམ་པ་ལྷན་རྒྱས་མཆོག་ལ།
                 ཆེད་ཞུ། ཉེ་དུས་རང་རེའི་གསར་འཕྲིན་ཁག་དང་དེ་བཞིན་དྲ་རྒྱའི་ནང་བོད་ནང་ཡོད་པའི་རང་རེའི་སྤུན་ཟླ་ཚོས་དམྱལ་བ་མི་ཡུལ་དུ་མྱོང་གི་ཡོད་པ་དང༌། རང་ཡུལ་རྒྱ་དམར་གྱི་ལག་ཏུ་ཤོར་ནས་མི་ལོ་ ༥༠ འཁོར་བའི་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་འཆར་ལ་ཉེ་བའི་བོད་ལོ་གསར་པ་དེ་ཉིད་སྲུང་བརྩི་གྲ་རྒྱས་མི་གནང་བའི་འབོད་བསྐུལ་རབས་རིམ་ཞུ་ཡི་ཡོད་པར་མོས་མཐུན་རྒྱབ་བསྐྱོར་གཙང་མ་ཞུ་རྒྱུ་ཡིན། འོན་ཀྱང་འཆར་ཉེའི་བོད་ལོ་གསར་པའི་ ༤ རེས་གཟའ་སྤེན་པ་ཕྱི་ལོ་ ༢༠༠༩ ༠༢ ༢༨ ཉིན་གཤམ་བཀོད་མིང་ཅན་པས་རོགས་རམ་རོལ་དབྱངས་ལྷན་འཛོམས་ཞེས་པ་གྲ་སྒྲིག་ཞུ་ཡི་ཡོད། དེ་ནི་བ་ཡུལ་དུ་ཡོད་པའི་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེའི་བྱམས་ཆེན་ལྷ་ཁང་གི་དགེ་འདུན་པ་དང་སྤོ་རོང་དགོན་པའི་དགེ་འདུན་པའི་འཕྲོད་བསྟེན་མཐུན་རྐྱེན་སྦྱར་སླད་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་ཞིག་ཡིན། ལྷན་འཛོམས་དེ་ནི་དུས་ཀྱི་ཆ་ནས་ལོ་གསར་སྐབས་ཁེལ་བ་ལས་ལོ་གསར་དང་འབྲེལ་བའི་དགའ་སྐྱིད་ཀྱི་ཆེད་དུ་གྲ་སྒྲིག་ཞུས་པ་རྩ་བ་ནས་མིན་པས་ཐུགས་ནོར་མེད་པར་ཞུ་རྒྱུ་ཡིན།
             ཕྱི་ལོ་ ༢༠༠༩ ༠༢ ༡༦ ལ་སུད་སི་གནས་སྡོད་གྱི་ན་བ་ཚེ་རིང་ སྐལ་ལྡན་ནས་ཕུལ།        
འདྲ་བཤུས།     འཛིན་སྐྱོང་བཀའ་ཤག    སུད་སི་ས་གནས་འགོ་འཛིན།