བུད་མེད་ཀྱི་ནུས་ཤུགས་སྤེལ་ཐབས་སུ་ཟབ་སྦྱོང༌།

མ་འོངས་པར་འཛིན་སྐྱོང་པ་གཙོ་བོར་སླེབས་པ་ལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་མཐོང་སོང་ཞེས་དྲིས་ལན་གནང་སོང༌། བདེ་སླར་གཞིས་གྲོང་གཉིས་པའི་བུ་མོ་བསྟན་འཛིན་སྒྲོན་དཀར་གྱིས་ཟབ་སྦྱོང་འདིས་ང་ཚོ་བུད་མེད་ཚོར་ལས་དོན་དང་བུད་མེད་ཚོགས་པ་སོགས་སུ་འཛུལ་ཞུགས་བྱེད་རྒྱུར་བསམ་བློ་འཁོར་བཅུག་སོང༌། བུད་མེད་ཚོས་སྤྱི་ཚོགས་ནང་ལས་ཀ་གང་ཡིན་ཡང་འཇོན་ཐང་ཡོད་པའི་སྤོབས་པ་དང་གདེངས་ཚོད་བྱུང༌། རྗེས་སོར་འདི་འདྲའི་ཟབ་སྦྱོང་མང་ཙམ་སྤྲད་ཐུབ་ན་ཡག་པོ་འདུག་ཅེས་ཟབ་སྦྱོང་གི་ཕན་ནུས་གླེང་སོང༌། ཡང་བུ་མོ་ལྷ་མོས་གསར་འགོད་པར་བཤད་དོན། སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་ཤུགས་གཞན་དང་འདྲ་མཉམ་ཞིག་ཡོད་པ་རེད། ཡིན་ཡང་འགྲོ་སྟངས་ཀྱིས་བོད་པའི་བུ་མོ་མང་ཆེ་བས་ནང་ལས་བྱེད་དགོས་ཙང་ཤུགས་རྐྱེན་ཆེན་པོ་ཐེབས་འདུག དེ་མིན་བུད་མེད་སུ་ཡིན་ཡང་སྐྱེས་པ་དང་གཅིག་པའི་ལས་འཇོན་ཡོད་པ་རེད་ལ་ཡོད་དགོས་པ་ཞིག་རེད། ཟབ་སྦྱོང་གིས་ཕན་ཐོགས་བྱུང་ཞེས་འགྲེལ་བཤད་གནང་སོང༌།    མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།