གསུམ་བཅུའི་དུས་དྲན་ཉིན་ལི་ཐང་དུ་རང་བཙན་སྐད་འབོད།
ལི་ཐང་རྫོང་ཁྲུང་ཁྲུང་དཀར་མོའི་ཁྲོམ་གཞུང་ནས་འགོ་འཛུགས་ཀྱིས་བོད་རང་བཙན་གཙང་མ་ཡིན། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་སོགས་སྐད་འབོད་བྱེད་བཞིན་ཡིག་ཆ་ཕོན་ཆེན་གཏོར་འགྲེམས་བྱས་ཡོད་པར་སྐར་མ་གཉིས་གསུམ་ཙམ་ལས་སྐད་འབོད་བྱེད་མ་ཐུབ་པར་འཛིན་བཟུང་དང་རྡུང་རྡེག་ཚབས་ཆེན་བཏང་ཡོད་འདུག
དེ་བཞིན་ལི་ཐང་ཁུལ་དུ་དམག་མི་༢༤༥༠༠ ཙམ་ཡོད་ཚུལ་འདུག་པ་དང༌། དེ་བཞིན་ལི་ཐང་ཨོ་ཐོག་ཁུལ་དུ་སྔར་ལྷག་དམ་དྲག་དང་སྔར་བོད་དོན་ཆེད་འཛིན་བཟུང་བྱེད་མྱོང་བའི་མི་སྣ་ཁག་ཅིག་ལ་དོ་དམ་ལྟ་སྲུང་བཀག་སྡོམ་བྱེད་བཞིན་ཡོད་ཚུལ་བཅས་སེར་སྨད་གྲྭ་བློ་དགའ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་སོང༌།།