ལྷམ་གཞུས་པའི་དོན་རྐྱེན་གྱིས་ལོ་གསུམ་རིང་ཁྲིམས་ཆད།

    དེ་ནས་ཡུན་རིང་མ་སོང་བ་ཁོ་ལ་མི་ལོ་ ༡༥ བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་རུང༌། ཨི་རག་མི་མང་སྟོང་ཕྲག་མང་པོས་གཞུང་གིས་དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་སོང་ཟེར་ནས་ས་ཕྱོགས་གང་ས་ངོ་རྒོལ་སྐད་འབོད་ཀྱིས་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་མང་པོ་སྤེལ་ཡོད་པས། ཨི་རག་གཞུང་ངོས་ནས་བསྐྱར་དུ་ཁྲིམས་བཤེར་གྱི་གོ་སྐབས་སྤྲད་ཡོད་པ་དང་སྟབས་བསྟུན། གསར་འགོད་པ་རང་ལོ་ ༣༠ ཙམ་ལས་མ་སོན་པའི་དར་མ་ཞིག་ཡིན་པ་དང་གཅིག འདས་པའི་བྱུང་རིམ་ནང་ཁྲིམས་འགལ་གྱི་བྱ་བ་གང་ཡང་བྱེད་མྱོང་མེད་པ་དང་གཉིས། མི་མང་གིས་རྒྱལ་ཁབ་ཀྱི་དཔའ་བོ་རེད་ཟེར་ནས་ལྟ་སྟངས་ཡག་པོ་ཡོད་པ་སོགས་ཀྱི་རྒྱུ་མཚན་མང་དུ་བགྲངས་ནས། མཐའ་མཇུག་གི་ཁྲིམས་ཆད་མི་ལོ་ ༣ གཏན་འབེབས་བྱས་ཡོད་པའི་བཀའ་རྒྱ་སྒྲོགས་སྦྱང་བྱས་པ་དང༌། ཁྲིམས་ཆད་ཕོག་པའི་གསར་འགོད་པ་ཁོང་གིས་ཨི་རག་ཡུན་དུ་གནས་པར་ཤོག་ཟེར་ནས་སྐད་འབོད་ཤུགས་ཆེན་པོ་བརྒྱབ་ཡོད་པ་རེད།

    བདེ་སྲུང་ཁྲིམས་ཞིབ་པ་ཚོས། གསར་འགོད་པ་ཁོང་ནི་ཁྲིམས་མཐུན་གྱི་ཆབ་སྲིད་ལས་འགུལ་བ་ཞིག་ཡིན་པས། ང་ཚོས་རེ་བ་ཆེན་པོའི་ཐོག་ནས་ཁོང་ལ་དྲང་བདེན་གྱི་ཁྲིམས་ཐག་གཅོད་དགོས་པའི་ཞུ་འབོད་མང་པོ་བྱས་ཡོད་ཀྱང་དོན་ཕན་དེ་ཙམ་བྱུང་མ་སོང་ཟེར་བ་དང༌། གསར་འགོད་པའི་གཅེན་པོས་ཁྲིམས་ཆད་དེ་ནི་དྲང་བདེན་གྱི་ཁྲིམས་ལུགས་ཤིག་མ་རེད་ཅེས་བརྗོད་ཡོད་པ་རེད། དེ་བཞིན་བཀའ་རྒྱ་ཁྱབ་བསྒྲགས་བྱས་ནས་ཡུན་རིང་མ་སོང་བར། ཨི་རག་ནང་གི་མི་མང་པོས་དྲང་བདེན་གྱི་ཁྲིམས་ལུགས་དགོས། དྲང་བདེན་གྱི་ཁྲིམས་ཆད་གཅོད་དགོས་ཟེར་བ་སོགས་ཀྱི་སྐད་འབོད་གང་སར་བརྒྱབ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།