གཞོན་སྐྱེས་ཚོས་འགན་ཁུར་དགོས་པ་རེད།

ལས་འགུལ་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཌོག་ཌོར་མ་ཧེ་ཤེ་ཡ་རྡབ་ལགས་ཀྱང་མཉམ་ཞུགས་བྱས་ཡོད་པ་དང༌། བྷེལ་ཀོབ་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོས་ད་ལྟ་བར་དུ་ལོ་ལྔ་བཅུའི་རིང་བོད་དོན་ཆེད་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་རེད་ལ། མ་འོངས་པར་ཡང་ལས་འགུལ་སྤེལ་རྒྱུ་དང་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ཅེས་དང༌། ཀོ་ལེ་གྷལ་ས་གནས་བུད་མེད་ཚོགས་གཙོས་ང་ཚོས་བོད་རང་བཙན་ཤོར་ནས་ད་བར་དུ་ལས་འགུལ་མི་རབས་ནས་མི་རབས་བྱས་ནས་སྤེལ་བ་རེད་ལ་སྤེལ་དགོས་པ་རེད། ལྷག་པར་གཞོན་སྐྱེས་ཚོས་རང་ཉིད་ཀྱི་འགན་བྱས་ནས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པ་རེད། ྋགོང་ས་མཆོག་དགུང་ལོ་ག་འདྲའི་མཐོན་པོར་སླེབས་ཀྱང་བོད་དོན་ལ་ཐུགས་ཁུར་ག་འདྲ་གནང་གི་ཡོད་པ་རེད། སྐུ་ལས་ག་འདྲ་བསྐྱོན་གྱི་ཡོད་པ་རེད། ང་ཚོ་ལོ་ག་ཚོད་ཕྱིན་ཡང་བོད་ནང་བཞུགས་པའི་གཞོན་སྐྱེས་ཚོས་སྐུ་ངལ་བསྐྱོན་པ་ནང་བཞིན་བྱེད་དགོས་རེད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་སོང༌། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས་མེ་སོར་གྲོང་ཁྱེར་ནས།