བསྔོ་སྨོན་མཆོད་འབུལ།
ཉིན་དེར་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། སྔ་ལོ་ཕྱི་ཟླ་༣ ཚེས་༡༤ ཉིན་བོད་ས་སྟོད་སྨད་བར་གསུམ་ནས་རྒྱ་ནག་གཞུང་ལ་ཞི་བས་ངོ་རྒོལ་བྱས་པས་རྒྱ་མིའི་དམག་དཔུང་གིས་ཞི་བའི་བོད་མི་ཚོར་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ། བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་དུ་བཏང་བ་དང༌། སྟོང་ཕྲག་མང་པོ་གར་སོང་ཆ་མེད་དང་དོ་དམ་བཙོན་འཇུག་གིས་དམྱལ་བ་མི་ཡུལ་དུ་འཕོས་འདྲའི་དཀའ་སྡུག་གི་ལོ་ཟླ་དེ་འགོ་བཙུགས་ཏེ་ད་བར་ལོ་ངོ་ཧྲིལ་པོ་གཅིག་འཁོར་བའི་དེ་རིང་གི་ཉིན་མོ་འདིར་ང་ཙོས་ཁོང་རྣམ་པར་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་མཚོན་ཕྱིར་འདས་པོ་ཚོའི་བསམ་པ་བྱང་ཆུབ་དུ་རྫོགས་ཤིང༌། བཙོན་པོ་ཚོ་མྱུར་དུ་གློད་གྲོལ་ཐོབ་ཕྱིར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་ཧྲིལ་པོ་མར་མེ་སྟོང་མཆོད་དང༌། དེ་བཞིན་དྷ་སའི་ཉེ་འཁོར་གྲྭ་ཚང་དང་བཙུན་དགོན་ཁག་ཏུ་སྨོན་ལམ་གསོལ་འདེབས་ཀྱི་བསྙེན་བཀུར་ཞབས་བཀུར་ཞུས་ཡོད་ན་དེ་དེ་བཞིན་དུ་གྱུར་ཅིག
དེ་དང་ལྷན་དུ་སྔོན་ཡོ་རོབ་གྲོས་ཚོགས་ནས་བོད་རྒྱ་ཞི་འགྲིག་མ་བྱུང་ཚེ་བཙན་བྱོལ་བོད་གཞུང་ཁྲིམས་མཐུན་གྱི་སྲིད་གཞུང་ལ་ངོས་འཛིན་ཞུ་རྒྱུའི་གྲོས་ཆོད་ལག་ལེན་དོན་འཁྱོལ་ཡོང་ཕྱིར། དེ་རིང་གི་ཉིན་མོ་འདིར་ང་ཚོས་མཚན་རྟགས་བསྡུ་རུབ་ཞུས་ཏེ། ཡོ་རོབ་གྲོས་ཚོགས་སུ་འབུལ་རྒྱུ་ཡིན་པའི་གསལ་བསྒྲགས་སུ་ཞེས་འཁོད་ཡོད་པ་རེད།།