ཀིརྟི་དགོན་པའི་རྒྱ་རྒོལ།
ཕྱི་ཚེས་ ༥ ཡས་མས་ཤིག་ལ་རྔ་པ་ཀིརྟི་དགོན་པའི་གྲྭ་རྒྱ་མཚོ་སྒུར་ལི་འབོད་པ་དང་འཇམ་དབྱངས། འོད་ཟེར་གསུམ་འཛིན་བཟུང་བྱས་ཡོད་པ་དང༌། ཕྱི་ཟླ་ ༣ ཚེས་ ༣ ནས་ཚེས་ ༩ བར་གྲྭ་པ་ ༩ ཙམ་བཟུང་འདུག་ཀྱང་དགོན་པའི་ཕྱི་ནང་གི་འགྲུལ་བཞུད་ཡོངས་སུ་བཀག་སྡོམ་བྱས་ཡོད་སྟབས། གནས་ཚུལ་གསལ་བོར་ཤེས་རྟོགས་བྱུང་ཐུབ་མེད་པ་མ་ཟད། རྔ་པ་སྒོ་མང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཀྱང་ཞི་བའི་ངོ་རྒོལ་བྱས་པར་བརྟེན། དགེ་འདུན་པ་གསུམ་འཛིན་བཟུང་དང༌། རྔ་པ་བསྭེ་དགོན་པའི་དགེ་འདུན་པ་རེ་ཟུང་ཡང་བཟུང་ཡོད་ཚུལ་འདུག་ནའང༌། བཀག་སྡོམ་གྱི་དབང་གིས་མིང་སོགས་གསལ་པོ་ཤེས་རྟོགས་བྱུང༌ཐུབ་ཀྱི་མི་འདུག།