ས་རྰ་མཐོ་སློབ་ཀྱི་སྐོར།

ས་རཱ་མཐོ་སློབ་ནི་རིགས་སློབ་དབུ་དགེ་དམ་པ་རྒན་བློ་བཟང་རྒྱུ་མཚོ་མཆོག་ནས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་༸གོང་ས་མཆོག་གི་དགོངས་དོན་བཞིན་བཙུགས་གནང་བ་དང༌། དམ་པ་གང་ཉིད་ནི་ཆོས་དང་འཇིག་རྟེན་གཉིས་ཀར་མཁྱེན་རྒྱ་ཆེ་ཞིང་མི་རིགས་དང་བསྟན་སྲིད་ལ་རྣམ་པར་དག་པའི་ལྷ་བསམ་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་ཞབས་འདེགས་བླ་མེད་ཞུ་མཁན་གྱི་སྐྱེས་བུ་དམ་པ་ཞིག་རེད་ཟེར། ཁོང་ཉིད་དམ་སྲིའི་རྗེས་འབྲང་བ་ཁག་གཅིག་གིས་བསམ་སྦྱོར་མ་རུང་བ་བྱས་རྗེས་ས་རཱ་མཐོ་སློབ་དེ་ཕ་མེད་ཀྱི་དྭ་ཕྲུག་ཁྱུ་གཅིག་ཏུ་ལུས་པ་རེད། དེ་རྗེས་སློབ་སྤྱི་པད་མ་རྒྱལ་མཚན་ཟེར་བ་ཞིག་སླེབས་པ་རེད། ཁོ་རང་སྐད་ཡིག་ཡག་པོ་ཡོད་པས་སྦྱིན་བདག་བརྩལ་རྒྱུ་མཁས་པོ་ཨོ་ཙམ་ཡོད། འོན་ཀྱང་ཁོ་པ་ནི་ཕྱོགས་རིས་དང་འཐེན་འཁྱེར་གང་འཚམ་ཡོད་མཁན་ཞིག་དང་ངོ་བསྟོད་དང་སྤྲེལ་ལད་ལ་ཡང་མངོན་གསལ་དོད་པོའི་ཐོག་ནས་དགའ་མཁན་ཞིག་ཡིན་པར་བརྟེན། ད་ལྟའི་སློབ་སྤྱི་འཇམ་དཔལ་གྲགས་པ་སླེབས་པ་རེད། འདྲེ་འདི་ས་རཱ་མཐོ་སློབ་ནང་སླེབས་ནས་ལས་ཀ་ཡག་པོ་བྱས་པ་ཉུང་ཉུང་ཡིན། དཔེར་ན། ས་རཱའི་བུ་དང་བུ་མོའི་ཉལ་ཁང་དག་ལ་ལོ་གཉིས་གསུམ་རིང་ས་རྩི་དཀར་པོ་རེ་བྱུགས་ཤིང་ཁང་པའི་གས་སྲུབ་དག་འགེབས་ཐབས་ཙམ་དང༌། ཁྲུས་ཁང་དང་གསང་སྤྱོད་གོང་འོག་ཚང་མ་གཙང་གཙོག་གང་ཡིན་མི་ཤེས་པའི་ཆུ་ལུད་ཀྱིན་ ཡོད་པ་དང༌། ཉེ་འཁོར་དུ་སློབ་ཕྲུག་རང་སྦྱོང་བྱ་ཆེད་ཉི་གློག་ཕལ་ཆེ་བ་བེད་མེད་དང༌། སྤྱིར་ཟླ་རེར་སློབ་མ་རྣམས་བསམ་ཆར་བསྡུ་ལེན་བྱེད་ཀྱི་ཡོད་ཀྱང་བག་ལེབ་བཟོ་སྟངས་དང༌། སློབ་མར་ཆུ་ཁོལ་སྤྲོད་རྒྱུ་སོགས་ཆུང་ཙག་ལས་གནད་སྨིན་དོན་འཁེལ་གྱི་བསམ་ཆ་ཁག་རྣམས་ལ་རང་འདོད་ཀྱི་འགྲེལ་བཤད་རིང་པོ་རེ་ཁོ་ན་ལས་དེ་དག་ལ་ལྟ་སྐྱོང་དང་བསྒྱུར་བཅོས་བྱེད་ཀྱི་མེད་ཟེར།

ཤེས་ཡོན་གྱི་སྐོར་ལ་བཤད་ན།

དེང་སང་སློབ་དགེ་ཡང་འདྲེ་རྒན་ཁོའི་རང་འདོད་ཁོ་ན་རེད། དཔེར་ན། རིག་འཛིན་ཟེར་བ་ཞིག་དང༌། འཇམ་དཔལ་ཤེས་རབ་ཟེར་བ་གཉིས་རྒན་ལགས་བཞག་ནས་དུས་ཡུན་གང་འཚམ་སོང་རྗེས་སྐབས་ཤིག་དགེ་རྒན་དང་ལས་བྱེད་ཚོགས་འདུའི་ཐོགས་རྒན་ལྷ་མོས། རིག་འཛིན་ཁྱོད་རང་རྒན་ལགས་གང་འདྲའི་ཟེར་སླེབས་པ་རེད། ཁྱོད་རང་ངའི་འཛིན་གྲྭའི་ནང་རྐུབ་ནས་ཡར་བརྩིས་ན་ཨང་དང་པོ་རེད་པ། ཁྱོད་རང་རྒན་ལགས་བྱས་ན་མི་གཞན་ཙམ་མ་ཚད་ཁྱོད་རང་དང་སྔོན་འཛིན་གྲྭ་གཅིག་པ་ཚོར་བསམ་ཆ་ཡོད་རྒྱུ་རེད། ཨ། འཇམ་དཔལ་ཤེས་རབ་ཁྱོད་རང་ཡང་གང་འདྲ་ཟེར་སློབ་དགེ་ཆགས་པ་རེད། ལབ་དུས་འཇམ་དཔལ་ཤེས་རབ་ཀྱིས་ང་སྐབས་ཤིག་སློབ་སྐྱིས་སྐད་བཏང་ནས་འཇམ་དཔལ་ཤེས་རབ་ཁྱོད་རང་རྒན་ལགས་དགོས་གལ་གསུངས་པ་བཞིན་དང་ལེན་བྱས་པ་ཡིན། ཞེས་བཤད་སྐབས། རྒན་ལྷ་མོས་ཁྱོད་རང་སྒྲིག་འཛིན་ཚོགས་མིའི་ནང་བཞག་པ་རེད་དེ་ས་རཱའི་སྒྲིག་གཞི་དང་འགལ་བ་རེད་ང་ཚོས་ཁྱོད་རང་ལས་བྱེད་ཡིན་པ་ཧ་གོ་མ་སོང་ཞེས་ལབ་ཡོད་པ་འདྲ་ཟེར། རྣམ་པ་ཚོས་ཐུགས་བསམ་བཞེས་ནས་གཟིགས་དང་།

འཛིན་སྐྱོང་བྱེད་སྟངས་ཁེ་ཚར་བ་ལ། ཡང་ཉེ་ཆར་རྒན་ལྷ་མོ་དགོངས་ཞུས་སྐབས་ཁོང་གིས་མཐོ་རིམ་སློབ་ཐོན་ཙམ་ཨ་འཁོར་བཟོད་པ་སློབ་གྲྭའི་དགེ་འོས་ངོ་སྤྲོད་གནང་བ་བཞིན་སློབ་སྤྱིས་མོས་མཐུན་གནང་ཡོད། མ་ཟད་ཨ་འཁོར་ས་རཱ་ལ་སླེབས་དུས་ལམ་སང་རྒན་ལྷ་མོའི་རྩ་ཕོགས་དང་འཛིན་དགེའི་གོ་གནས་སྤྲད་ཡོད་འདུག དངོས་གནས་བྱས་ན་ལོ་ལྔའི་རིང་དགེ་རྒན་གྱི་ཉམས་མྱོང་ཅན་སྙན་དགེ་བཀྲ་ཤིས་དོན་གྲུབ་འཛིན་གྲྭ་གཉིས་པ་དང་གསུམ་པའི་སྙན་དགེ་དང་ཨ་འཁོར་འཛིན་གྲྭ་དང་པོ་དང༌། མཚམས་སྦྱོར་འཛིན་གྲྭའི་སྙན་དགེར་འཇོག་དགོས་པ་འགྲོ་ལུགས་དང་མ་མཐུན་པས་ཨ་འཁོར་བཟོད་པ་མ་བདེ་ནས་རྒན་བཀྲིས་དོན་འགྲུབ་ལ་ཁྱེད་རང་འཛིན་གྲྭ་གོང་མིའི་རྒན་ལགས་གནང་རོགས་ཞེས་ཞུས་པས། རྒན་བཀྲིས་དོན་འགྲུབ་ཀྱིས་འདི་ང་རང་གཉིས་ཀྱིས་ཐགས་གཅོད་ཐུབ་པ་ཞིག་མ་རེད་འཛིན་སྐྱོང་གིས་ངོས་ནས་ཁྱོད་རང་གང་བཏང་ས་དེར་འགྲོ་དགོས་རེད་ཅེས་འགན་མ་ལེན་པ་རེད་ཟེར། སྤྱིར་རྒན་བཀྲིས་དོན་འགྲུབ་ཟླ་གཅིག་རྗེས་དགོངས་པ་ཞུ་རྒྱུའི་འཆར་གཞི་ཡོད་ནའང༌། རྒྱུ་མཚན་དེའི་རྐྱེན་གྱིས་སང་ཉིན་དེར་རང་ལ་རྩ་དགོངས་ཞུས་འདུག་ཟེར། སྐབས་དེར་སློབ་སྤྱི་འཇམ་གྲགས་པས་ལམ་སང་དབུས་ཕྲུག་ཚེ་རིང་སར་སོང་ནས་ཁྱོད་རང་ས་ རཱ་སློབ་གྲྭའི་སྙན་དགེ་དགོས་གལ་བཤད་ཀྱང་ཁོ་པ་ལས་རིགས་བྲེལ་ཟིང་ཆེ་ལུགས་བཤད་དེ་ངོས་ལེན་བྱས་མི་འདུག འཇམ་གྲགས་ཡར་རྒྱུག་མར་རྒྱུག་བྱས་མཐར་ཀིརྟི་གྲྭ་ཚང་གི་རྒན་དཀོན་མཆོག་ལགས་སུ་རེ་ཞུ་ཨུ་ཚུགས་བྱས་པས་ཁོང་སླེབས་ཡོད་པའི་གནས་ཚུལ་འདུག

དྲང་པོར་བཤད་ན་ཁོང་རྣམ་པའང་དགེ་རྒན་འོས་སྦྱོང་དང་སློབ་ཁྲིད་ཉམས་མྱོང་དེ་ཙམ་ཡོད་མེད་དང་ཤེས་རིག་ལས་ཁུངས་སུ་ཞིབ་འཇུག་བྱེད་བཞིན་པ་ཡིན་མིན་སྐོར་ལ་དོགས་པ་ཆེན་པོ་ཡོད་ཟེར།

ལྟོས་དང་རྣམ་པ་ཚོ། ལས་བྱེད་གསར་རྙིང་གི་བར་ལས་གནས་སྤྲོད་སྟངས་འདི་འདྲའི་ཡིན་ནམ། མ་ཟད་ཕུགས་རྒྱང་རིང་པོར་དགོངས་པ་ཟབ་བཞེས་ཀྱིས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ངོས་ལེན་གནང་བའི་མཐོ་སློབ་ཅིག་གི་སློབ་དགེ་བཙལ་སྟངས་འདི་འདྲའི་འུ་ཐུག་མདོག་ལ། ལས་བྱེད་དམ་དགེ་རྒན་གཙོས་པའི་ས་རཱ་ལ་གང་དགོས་ཚང་མ་ཁོ་རང་གི་ངོ་ཤེས་ཁོ་ན་འདེམས་སྒྲུག་བྱས་ན་ལན་པོ་འདུག་གམ།

དྲྭ་གྲོགས་ཤིག་གིས་རྡོ་རྗེ་ཚེ་སྲུང་སྐོར་ལ་བྲིས་འདུག་པ་བཞིན་ངས་ཀྱང་འདི་ལྟར་ཐོས། མི་ཉག་པ་མགར་ཐར་པ་རྡོ་རྗེ་ཚེ་སྲུང་སྔོན་མ་ས་རཱ་ནས་ཐོན་ལ་ཉེ་སྐབས་རྒན་ལགས་ཚང་མས་རྒན་ལགས་བཞག་ན་ཡག་པོ་ཡོད་ཚུལ་དང་མི་གཞི་དྲང་པོ་ཡིན་ཚུལ་ཁ་གཅིག་གྲགས་བྱུང་བར་སློབ་སྤྱིས་ཚོགས་འདུའི་ཐོག་ལྟ་ཡི་ཡིན་ཞེས་བརྗོད་འདུག་ཀྱང་རྡོ་རྗེ་ཚེ་སྲུང་ཁོ་རང་ལ་དེ་སྐོར་གྱི་ལན་གང་ཡང་གནང་མི་འདུག་ཟེར། ཡང་གོང་དུ་གཅིག་གིས་བརྡ་སྤྲོད་རྒན་ལགས་ཀྱིས་སྐོར་ལ་བཤད་འདུག གཅིག་བྱས་ན་ཁྱོད་ཉིད་ཀྱིས་གསུངས་པ་བདེན། ངས་གོ་ཐོས་ཙམ་བྱས་ན་བརྡ་སྤྲོད་རྒན་ལགས་དེ་ཙམ་གྱིས་གོ་རྒྱ་དང་ཐོས་རྒྱ་ཆེན་པོ་རང་མེད་པ་འདྲ་འོན་ཀྱང་ཁོ་ལ་ཡོན་ཏན་གཅིག་རང་ཡོད་པ་ཆོལ་ཁའི་ཞེན་ཁོག་དང་ཆོས་ལུགས་ཀྱི་ཐེན་འཁྱེར་མེད་པ་དེ་རེད་ཟེར། དངོས་གནས་ཡིན་ན་དེ་གཟི་བརྗིད་ཆེན་པོ་རེད་པ་ལྷག་བསམ་ཡོད་པའི་རྟགས་རེད། ལོ་མང་པོར་ཁོང་ལ་སི་ཏུ་འགྲེལ་ཆེན་སློབ་ཁྲིད་བྱས་པའི་ཉམས་མྱོང་ཡོད་པ་འདྲ་ཡག་པོ་ཞེ་དྲག་རེད་བློ་གཟི་བོར་གནས་གནས་དགོས་པ་གལ་ཆེན་པོ་རེད་ང་ཚོར་སྒལ་ཚིགས་དྲང་བའི་མི་བུ་མང་པོ་དགོས་ནི་རེད།

ཕྲན་རང་མིའི་སྐྱོན་འདོན་རྒྱུ་དེ་ཙམ་དགའ་པོ་མེད་འོན་ཀྱང་ཉེར་ཆར་༸གོང་ས་མཆོག་ནས་ལོ་ངོ་སུམ་ཅུའི་རིང་གི་འཐུས་ཤོར་དང་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཅེས་པའི་ཚིག་དེ་གཉིས་ཀྱི་ནང་གོ་རྒྱུ་ཆེན་པོ་ཡོད་ཚུལ་དང་སྐྱོན་ཐེར་གཏོན་བྱས་ན་དགེ་གཞན་གྱིས་གླེང་ཡོང་གི་ཡོད་ཚུལ་གསུངས་པས་སྐྱོན་ཆེན་པོ་དེ་ཙམ་རང་མེད་ན་སྙམ་གཞན་གྱིས་ཟེར་སྒྲོས་ཙམ་བྲིས་པ་ཡིན། རྒྱུ་མཚན་འདུག་མིན་རྣམ་པ་ཚོས་ལྟོས་ཤིག