བོད་དོན་འཐབ་རྩོད་ཀྱི་རྒྱབ་རྟེན།

གསར་འགོད་བརྒྱུད་ལམ་གལ་ཆེན་གྱི་རང་བཞིན་ཡིན་པ། དེ་བཞིན་ང་ཚོ་བོད་མིའི་རྩ་དོན་ཐོག་ལྷག་བསམ་དང་སེམས་ཤུགས་གཅིག་པུ་ཙམ་གྱིས་མི་འགྲིག་པར་བསམ་བློ་གསར་པ་དང་ཀླད་པ་བེད་སྤྱོད་ཀྱིས་ལས་འགུལ་དགོས་པའི་རེ་སྐུལ་དང་གཏམ་བཤད་བྱས་ཡོད་པ་རེད། ཤང་བཟའ་རིན་པོ་ཆེ་མཆོག་གིས་བོད་ནང་གི་ཤེས་ཡོན་པའི་བསམ་བློ་དང་ང་ཚོའི་རྒྱབ་རྟེན་ཞེས་པའི་གླེང་གཞི་ལས་དྲང་དེ་ང་ཚོས་ལས་འགུལ་གང་སྤེལ་བ་རྒྱུན་བསྲིངས་དོན་འཁྱོལ་དགོས་པའི་དགོངས་ཚུལ་གསུངས་ཡོད་པ་རེད། མི་མང་དང་སློབ་ཕྲུག དགེ་འདུན་པ། གསར་འགོད་པ་སོགས་ཀྱིས་དྲི་བ་དྲིས་ལན་བྱས་པ་བརྒྱུད། མི་མང་དང་གཞོན་སྐྱེས་ཚོས་བོད་དོན་དང་གསར་འགོད་སོགས་ནི་ཆབ་སྲིད་ཐོག་མེད་དུ་མི་རུང་བའི་དོ་སྣང་བྱ་ཡུལ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང༌། བོད་ཕྱི་ནང་གི་གཞོན་སྐྱེས་དང་མི་མང་གི་བསམ་ཚུལ་དང༌། ལྟ་གྲུབ་གླེང་སའི་བོད་ཀྱི་གསར་ཤོག་དང་དྲ་རྒྱ་ལ་དོ་སྣང་དང་གལ་ཆེན་དུ་བརྩི་མཁནན་ནི་ས་གནས་སྲིད་དོན་མི་སྣ་ཡིན་ཡང་ཧ་ཅང་སྐྱོ་བོ་ཡིན་སྐོར་གསུངས་སོང༌།། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།