གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ།

དམར་གསོད་དྲག་གནོན་གྱི་བྱ་སྤྱོད་ཁག་འཕྲལ་དུ་མཚམས་འཇོག་བྱ་དགོས། བོད་མི་འཛིན་བཟུང་གིས་ཁྲིམས་ཐག་བཅད་པ་རྣམས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཐག་བཅད་པའི་བདེན་དཔང་ར་སྤྲོད་བྱ་དགོས། རྒྱ་ནག་གིས་བཙན་ཤེད་ཀྱི་ལམ་ནས་བོད་ནང་གི་ཞིང་འབྲོག་གནས་སྤོ་བྱེད་པའི་བྱ་སྤྱོད་དང་སྲིད་ཇུས་འཕྲལ་དུ་མཚམས་འཇོག་དགོས་ཞེས་འཁོད་ཡོད་པ་རེད། དེ་བཞིན་ཡོ་རོབ་གྲོས་ཚོགས་སུ་བོད་ནང་རྟོག་ཞིབ་ཀྱི་སྐུ་ཚབ་ཚོགས་ཆུང་གཏོང་གནང་ཡོང་བ་སོགས་ཀྱིས་མཚོན་བོད་དོན་རྒྱབ་སྐྱོར་དགོས་སྐོར་གྱི་འབོད་སྐུལ་ཁག་ཅིག་ཀྱང་ཞུས་ཡོད་པ་རེད།།