མདོ་སྨད་མང་ར་རྫོང་གི་ལས་བྱེད་ཅིག་འཇུ་བཟུང༌།

    གཞན་མང་ར་རྫོང་ཀླུ་ཚང་དགོན་པའི་དགེ་འདུན་པ་བརྒྱ་སྐོར་ཞིག་ནས་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ཞི་རྒོལ་བྱས་པ་སོགས་ཀྱི་རྐྱེན་གྱིས། རྒྱ་གཞུང་གིས་མང་ར་རྫོང་ཐོག་ཏུ་དམག་མི་ཕོན་ཆེན་བཏང་སྟེ་དམ་དྲག་ནན་པོ་བྱེད་ཀྱིན་ཡོད་པ་མ་ཟད། ས་གནས་དེའི་དྲ་ཁང་དང་ལག་ཁྱེར་ཁ་པར་སོགས་ལ་གསང་ཉན་བྱེད་པ། དགེ་འདུན་པ་དང་བོད་རིགས་ལས་བྱེད་མི་སྣ་གསང་བའི་སྒོ་ནས་འཛིན་བཟུང་དང་ས་གནས་གཞན་དུ་བཙན་ཁྲིད་བྱེད་པ། དེ་བཞིན་རླངས་འཁོར་རིགས་གང་བྱུང་རྫོང་ཏུ་འགྲོ་སྐྱོད་མི་ཆོག་པ་སོགས་བཟོས་ཡོད་འདུག།  གནས་ཚུལ་མཁོ་སྤྲོད་གནང་མཁན་མགུར་འབུམ་རྒྱལ།