པད་ནོར་རིན་པོ་ཆེ་ལ་བརྟན་བཞུགས་གྲ་སྒྲིག

དེང་སྐབས་སྙུང་གཞི་སྔར་ལས་དྲག་ཏུ་ཕྱིན་ཡོད་ན་ཡང༌། བོད་ཕྱི་ནང་གི་སྔ་འགྱུར་རྙིང་མ་སྤྱི་དང་ལྷག་པར་དཔལ་ཡུལ་གྲུབ་དབང་དགོན་པའི་འབྲེལ་ཡོད་ཡུལ་དགོན་ཚང་མས་ལྷ་དང་བླ་མའི་བཀའ་ལུང་བཞིན་སྐྱབས་རྗེ་རིན་པོ་ཆེར་ཞབས་བརྟན་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་རེད། ལྷག་པར་རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་གིས་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་བརྟན་བཞུགས་སྐུ་རིམ་སྒྲུབ་ཕྱིར་གདན་ཞུས་ཀྱིས། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ཟླ་འདིའི་ཚེས་༡༨ ཕྱི་དྲོ་ཆུ་ཚོད་༥ ཕྱེད་ཐོག་ཐེག་མཆོག་རྣམ་གྲོལ་གླིང་དུ་ཞབས་སོར་འཁོད་པ་དང༌། ཚེས་༢༡ ཉིན་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག་རྣམ་གྲོལ་གླིང་འདུས་མང་སྤྱི་དང༌། བྷེལ་ཀོབ་ལུགས་བདེ་གཉིས་ཀྱི་དད་ལྡན་སེར་སྐྱ་སྤྱི། སྐྱིད་སྡུག་ཚོགས་པ་ཁག གཞིས་རྙིང་གྲོང་སྡེ་བཞི་པ་སོགས་ནས་བརྟན་བཞུགས་འབུལ་རྒྱུ་ཡིན་པ་རེད། ༢༢ ཉིན་རྣམ་གྲོལ་གླིང་འདུས་མང་སྤྱི་ནས་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེར་བརྟན་བཞུགས་འབུལ་རྒྱུ་དང༌། ཚེས་༢༧ ཉིན་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་དང༌། སྐྱབས་རྗེ་ཞི་ཆེན་རབ་འབྱམས། སྐྱབས་རྗེ་རྫོང་སར་རིན་པོ་ཆེ་སོགས་དབུ་བཞུགས་ཐོག་སྔ་འགྱུར་རྙིང་མ་སྤྱིས་ྋསྐྱབས་རྗེ་གྲུབ་དབང་པདྨ་མ་ནོར་བུ་མཆོག་ལ་བསྟན་བཞུགས་འབུལ་རྒྱུ་ཡིན་པ་རེད། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ནས།