བོད་ཡིག་མེད་པའི་བོད་པ་ཆགས་ཉིན་ཚར་བ་རེད།

གླིང་བུའི་སྒྲ་དེ་ཐོས་མ་ཐག་ངས་ཕ་ཡུལ་གྱི་རྩ་ཐང་མིག་ལམ་དུ་དབང་མེད་དུ་ཤར་ནས་ སླེབས་སོང་བ་མ་ཟད། ད་སྐབས་ཕ་ཡུལ་གྱི་རྩ་ཐང་སྟེང་ན་ཡང་འདི་འདྲའི་རང་དབང་ཞིག་མེད་པ་ཤེས་སོང་། ཡིན་ཡང་། བོད་ཡིག་གི་བསྐོར་ལ་བྲིས་པའི་གནད་དོན་འདི་ནི་བོད་ཡིག་གི་ལས་ཀ་རེག་མི་རེག་ གི་དཀའ་ངལ་ཞིག་བཤད་ཀྱི་ཡོད་པ་དེ་རེད། བོད་ཡིག་གི་གྲོང་ཁྱེར་ཁག་ནས་ལས་ཀ་མི་རེག་པ་དེ་ནི་དངོས་ནས་རེད། འོན་ཀྱང་། བོད་པས་བོད་ཡིག་ལ་བརྟེན་ནས་ལས་ཀ་མི་རེག་པ་དེ་ཙམ་ལ་ཁག་བཞག་ནས་བོད་ཡིག་མི་ སློབ་པ་དེ་ནི་དངོས་ནས་གཏམ་བཟང་ཞིག་མ་རེད། བོད་པས་བོད་ཡིག་མ་སྤྱང་བ་ཡིན་ན་བོད་པས་ཞབས་འདྲེན་དུ་གྱུར་བ་ལས་བོད་ཡིག་གི་ བཀོལ་སྤྱོད་ཡོད་མེད་ཀྱི་གནད་དོན་གཅིག་བུ་མ་རེད། བོད་པས་བོད་ཡིག་སྤྱོང་བ་དེ་ནི་རང་གི་རིགས་ཀྱི་གོམ་གཤིས་སོགས་ཐུན་མོང་མ་ཡིན་ པ་ཤེས་པའི་ཆེད་དང་རང་རིགས་འདི་ལ་ཡང་ཐུན་མོང་མ་ཡིན་པའི་སྐད་ཡིག་ཞིག་ཡོད་པ་ བོད་པ་རང་གི་ཤེས་ཆེད་དུ་ཡང་ཡིན། དེ་མིན་གནས་སྐབས་ཙམ་གྱི་རིང་དུ་ལས་ཀ་མི་རེག་པ་དེ་ཡང་དཀའ་ངལ་ཞིག་ལོས་ཡིན། དཀའ་ངལ་ལ་གདོང་ལེན་བྱེད་རྒྱུ་ནི་ད་ལྟའི་བོད་པ་ཚང་གི་ལས་དབང་རེད། བོད་ཡིག་བོད་པས་ཤེས་རྒྱུ་ནི་གལ་ཆེན་ཡིན་པ་ནི་བཤད་མི་དགོས་མོད། ལས་ཀ་རེག་ཆེད་དུའམ་ཡང་ན་དགྲ་བོ་ཚང་གི་གནས་ཚུལ་ཤེས་རྟོགས་ཆེད་དུའམ་ལས་ཀ་རེག་ ཆེད་དུ་རྒྱ་ཡིག་ཤེས་དགོས་པ་དེ་ཡང་གལ་ཆེན་རེད། འདི་ནི་ང་རང་གི་བསམ་ཚུལ་ཡིན་ལ། ང་རང་དང་འདྲ་བའི་མི་མང་བོ་ཞིག་གནས་ཡུལ་དུའང་བོད་ཡིག་གི་ལས་ཀ་སྤྲོད་ཀྱི་མེད་ ལ་བོད་ཡིག་ཤེས་མཁན་ཡང་མེད་པ་མ་ཟད། ཐ་ན་བོད་ཡིག་གི་ཚགས་ཤོག་ཤིག་ཀྱང་ལག་དུ་རེག་ཁག་པོ་ཆགས་ཀྱི་ཡོད། དེས་ན་ངེད་ཅག་གིས་ཀྱང་བོད་ཡིག་གི་ལས་ཀ་མི་སྤྲོད་པར་ཁག་བཞག་ནས་བོད་ཡིག་ སྐྱུར་དགོས་པ་ཡིན་ནམ། དེ་འདྲ་ཡིན་མི་སྲིད་དོ། བོད་ཡུལ་ནས་བོད་པས་བོད་ཡིག་མ་ཤེས་ཉིན། ད་ནི་ཡོད་ཚད་ཚར་སོང་བ་རེད། རྩ་དོན་དང་རང་དབང་གང་ཞིག་བརྩད་ཀྱང་དེ་ཙམ་རེད། བོད་ཡིག་མེད་པའི་བོད་པ་ཆགས་ཉིན།