༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ལ་བརྟན་བཞུགས།
ཡུམ་ཀ་སུན་བཟློག་གི་བསྙེན་སྒྲུབ་ཚད་ལྡན་སྔོན་སོང་གིས་བླ་མའི་སྐུ་ཚེ་བསྟན་འགྲོའི་མགོན་དུ་ཡིན་རིང་བརྟན་ཕྱིར་བརྟན་བཞུག་བསྟར་འབུལ་ཞུས་པ་དང༌། ཉིན་མོ་དེར་བརྟན་བཞུགས་འབུལ་མཁན་ནི་རྣམས་གྲོལ་གླིང་གི་དགེ་འདུན་པ་སྤྱི་དང༌། ལུགས་བདེ་གཉིས་ཀྱི་དད་ལྡན་སེར་སྐྱ་མི་མང་སྤྱི། རྒྱལ་ཕྱི་ནང་ན་བཞུགས་པའི་བཞིན་བདག ལྷོ་ཕྱོགས་གཞིས་ཆག་ཁག་གི་འབྲེལ་ཡོད་དགོན་སྡེ་དང་ཚོགས་པ་སྐྱིད་སྡུག་ཁག་སོགས་ཡིན་པ་རེད་འདུག སྐྱབས་རྗེ་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་ཕྱིར་རྒྱལ་ཕྱི་ནང་གང་སར་ཞབས་བརྟན་བསྒྲུབས་དང་སྒྲུབ་བཞིན་ཡིན་པ་དང༌། ལྷག་པར་རྣམ་གྲོལ་གླིང་གི་དགེ་འདུན་པ་རྣམས་ཀྱིས་ཉིན་མཚན་བར་མེད་དུ་ཞབས་རིམ་འཚོགས་བཞིན་ཡོད་པ་རེད། མེ་སོར་གསར་འགོད་པ་བཀྲིས་བདེ་ལེགས་ཀྱིས།