བླ་བྲང་གི་གྲྭ་པ་ཞིག་འཛིན་བཟུང༌།

ཁོང་གི་པར་ཡང་ཚུད་ཡོད་སྟབས། ཟླ་ངོ་༡༡ ལྷག་ལ་གསང་ཡིབ་བྱས་ཡོད་ནའང༌། ཉེ་ཆར་ལོ་གསར་རྗེས་ཀྱི་བླ་བྲང་སྨོན་ལམ་ཆེན་མོའི་སྐབས་ཕྱིར་དགོན་པར་གསང་བའི་ངང་ལོག་ཡོད་པ་ཉེན་རྟོག་པས་ཤེས་རྟོགས་བྱུང་སྟེ། མཚན་མོ་གྲྭ་ཤག་ནས་བཙན་ཁྲིད་བྱས་ཡོད་འདུག།